མང་ལ་མ་ལྟོས་ན་ །
ཉུང་ལ་འགྲོ་ནི་རེད་།
ཉུང་ལ་སོང་ན་ཚར་བ་རེད་ །
ཚར་སོང་ན་རྦད་དེ་ཚར་བ་རེད་ །
ཚར་ན་སྙམ་པ་སུ་ཡང་མེད་།
ཉུང་ལ་འགྲོ་ནི་རེད་།
ཉུང་ལ་སོང་ན་ཚར་བ་རེད་ །
ཚར་སོང་ན་རྦད་དེ་ཚར་བ་རེད་ །
ཚར་ན་སྙམ་པ་སུ་ཡང་མེད་།
དེ་བས་
མང་ལ་ལྟོས་ན་ཅི་འདྲ་རེད་།
གང་བའི་ཟླ་བ་ལ་ལྟོས་ན་།
དཀར་སོབ་སོབ་ཀྱིས་རིག་ཐུབ་།
མུན་པ་ནས་མུན་པས་ཁྱོད་ལ་མ་ལྟོས་ན་།
ཁྱོད་ཀྱིས་མུན་པ་ལ་མ་ཅེར་་བ་མ་རེད་།
ཁྱོད་དཀར་་སོབ་སོབ་ལ་དགའ་བ་རེད་།
དེ་ཇི་འདྲ་མཛེས་ཨང་།
དོན་གྱི་ཕུད་དང་ཚིག་གི་སྤོ་དེ་།
ཁྱོད་ཀྱི་སྙིང་ལ་ཐུག་འདུག་།
ཁྱོད་ཀྱི་མིག་ལ་གཏད་ཡོད་།
ཕྱི་རོལ་ན་ཁ་བ་ཇི་ལྟར་བབས་ཀྱང་།
ཕྱི་རོལ་ན་ཆར་བ་ཇི་ལྟར་བབས་ཀྱང་།
ཤེས་དགོས་བ་དེ་།ཤེས་ན་ཡག།
ཤེས་མི་དགོས་དེ་ཡང་ཤེས་ན་མཆོག་།
ཇི་ལྟར་ལྟོས་ཀྱང་ཆོག་།
ཇི་ལྟར་བཤད་ཀྱང་ཆོག་།
ཇི་ལྟར་ལས་ཀྱང་ཆོག་།
གནད་དེ་དེ་ཡིས་རང་ཉིད་མཚོན་དེ་
རང་ཉིད་ཀྱི་ཡོད་ཚད་
རང་ཉིད་ཀྱི་ཡོད་ཚད་
རང་ཉིད་ཀྱིས་འགན་ཁུར་དགོས་བ་དེ་རེད་།
དེ་ལ་ཡིད་དུ་འོང་བ་འབོད་།
དེ་ངའི་བློ་ཡིན་།ཁྱོད་ཀྱིས་ཇི་ལྟར་བསམ་ཡང་ཆོག་།
ཉུང་ཉུང་ཞིག་ལ་ལྟོས་ན་
ཉུང་ཉུང་ཞིག་མ་གཏོགས་མི་མཐོང་བ་དེ་ཡང་ཐིག་ལེ་རེད་།
སུ་ལ་ཡང་མ་འཁང་།སུ་ལ་ཡང་མ་སྨོད་།
རང་ཉིད་ཀྱིས་ཇི་ལྟར་ལས་ཡོད་པ་དེ་སེམས་ལ་ཞོག་།
མང་བ་ལ་ལྟ་བ་དེ་རྔམས་པ་ལ་བརྗོད་ན་ཐང་།
ཡར་ལ་རྒྱས་བ་ནི་ཁྱོད་ཀྱི་ མདོ་རྩ་དེ་ཡིན་།
གསར་ལ་བསྐྲུན་པ་དེ་ཁྱོད་ཀྱི་མ་རྕ་དེ་ཡིན་།
ཡར་ལ་རྒྱས་བ་ནི་ཁྱོད་ཀྱི་ མདོ་རྩ་དེ་ཡིན་།
གསར་ལ་བསྐྲུན་པ་དེ་ཁྱོད་ཀྱི་མ་རྕ་དེ་ཡིན་།
No comments:
Post a Comment