མཁའ་ལ་བསྐྱོད་པའི་གཤོག་པ་བློ་ལ་བཏགས།།
མཚོ་ལ་་ཉུལ་བའི་གྲུ་གཟིངས་སྙིང་གིས་མནན།།
ཤེས་རིག་འཇིངས་སུ་འཕུར་བའི་ཁྱུང་ཆེན་དེ་།།
རིག་པའི་ཀློང་ལ་འགྲིམས་པའི་འགྲན་ཟླ་ཡིན།།
མཚོ་ལ་་ཉུལ་བའི་གྲུ་གཟིངས་སྙིང་གིས་མནན།།
ཤེས་རིག་འཇིངས་སུ་འཕུར་བའི་ཁྱུང་ཆེན་དེ་།།
རིག་པའི་ཀློང་ལ་འགྲིམས་པའི་འགྲན་ཟླ་ཡིན།།
ལྷོག་ལྷོག་ཁོལ་བའི་ཆུ་བོ་སེམས་ཀྱི་སྟོབས།།
ཆལ་ཆིལ་འབབ་བའི་རྦབ་ཆུ་ཕུགས་ཀྱི་བློ།།
འོད་ཀྱི་གཏམས་པའི་རྨི་ལམ་དོན་གྱི་ཕུད།།
རིག་པའི་ཀློང་ལ་འཁོར་བའི་སེམས་པ་ཡིན།།
ཚེར་མ་སེམས་ལ་ཟུག་ན་སྤ་མི་བཀོང་།།
རྐང་སྣེ་རྡོ་ཡིས་བཀག་ཀྱངསེམས་མི་ཞུམ།།
བར་མེད་རྒྱུ་བའི་ལྟིང་ཀའི་རྒྱུན་ཐག་དེ།།
རིག་པའི་ཀློང་ལ་བགྲོད་པའི་ལམ་ཡིག་ཡིན།།
ས་ཡིས་མ་ཤོང་སྡུག་བསྔལ་ང་ལ་ཤོག།
གནམ་གྱིས་མ་ཐེག་མུག་པ་ང་ལ་གནོངས།།
ཀུན་གྱིས་མི་འདོད་ཐམས་ཅད་ང་ཡིས་ཁུར།།
རིག་པའི་ཀློང་ལ་འགྲིམས་པའི་དམ་བཅའ་ཡིན།།
འབྲོང་གི་རུས་པ་སྙིང་གི་གསེང་ལ་འཇུག
སྟག་གི་མཆེ་བ་རིག་པའི་རྨང་ལ་འཛུགས།།
རྨ་བྱ་སྒྲོ་མདོངས་མཛུབ་མོའི་རྩེ་ལ་འབྲི།།
ཁ་ཏའི་སྨྲ་སྒོ་ལྡན་པ་ངག་གི་མཚོན།།
དུང་གི་སེམས་པ་དུང་གི་སྒྲ་ལ་ཕྱོགས།།
གསེར་གྱི་མི་གཤིས་གསེར་གྱི་མདངས་ལས་འཕྲོ།།
ལྕགས་ཀྱི་སེམས་སྟོབས་ལྕགས་ཀྱི་ངོགས་སུ་བརྐོ།།
གཡུ་ཡི་མེ་ལོང་འཛིན་པ་རིག་པའི་བུ།།
No comments:
Post a Comment