Thursday, January 6, 2011

དྲིན་ཆེན།

                                             རྒྱ་ཡིག་ལས་བསྒྱུར།
རང་ཉིད་སྐྱེས་བའི་མ་ནི་དྲིན་ཆེན་ཡིན།
རང་ལ་གཅེས་སྲོག་སྦྱིན་པའི་མ་མ་ཡིན།

རང་ལ་འཚེ་བའི་མི་ཡང་དྲིན་ཆེན་ཡིན།
སྙིང་ལ་འཁུམས་པ་མེད་པར་སྟོན་པ་བྱེད།

རང་ལ་གཤེ་བའི་མི་ཡང་དྲིན་ཆེན་ཡིན།
རང་གི་བརྩི་མཐོང་མཐོ་ལ་སྟོན་པ་བྱེད།

རང་ཉིད་གཡུགས་པའི་མི་ཡང་དྲིན་ཆེན་ཡིན།
རང་གིས་རང་ཚུགས་སྐྱོང་བར་སྟོན་པ་བྱེད།

རང་ལ་བརྙས་བའི་མི་ཡང་དྲིན་ཆེན་ཡིན།
རང་གི་བློ་གྲོས་འཕེལ་བར་སྟོན་པ་བྱེད།

རང་ལ་གཅེར་བའི་མི་ཡང་དྲིན་ཆེན་ཡིན
མུ་མཐུད་མདུན་ལ་བསྐྱོད་པའི་སྐུལ་ལྕགས་འདེབས།

རང་ལ་སྨད་པའི་མི་ཡང་དྲིན་ཆེན་ཡིན།
མགོ་བོ་ཡར་ལ་དགྱེས་བར་སྟོན་པར་བྱེད།

རང་ལ་འཕྱ་བའི་མི་ཡང་དྲིན་ཆེན་ཡིན།
གོ་རྟོགས་ལེགས་པར་གོ་བའི་གོ་སྐབས་སྟོབ།

རང་ལ་མནར་བའི་མི་ཡང་དྲིན་ཆེན་ཡིན།
མྱོང་བ་ཕུན་ཚོགས་སྟོབ་བའི་གླགས་མཆོག་སྩོལ།


རང་ལ་གྲོགས་དམ་མཛད་པ་དྲིན་ཆེན་ཡིན།
རྐྱེན་ངན་བཀག་གི་རྒྱ་ལས་ཐར་བར་བྱེད།

རང་ལ་བརྩེ་བའི་མི་ཡང་དྲིན་ཆེན་ཡིན།
རང་ལ་ཤིན་ཏུ་བདེ་བའི་དྲོལ་ཁོལ་སྦྱིན།

ཡར་ལ་སྐུལ་བའི་མི་ཡང་དྲིན་ཆེན་ཡིན།
རང་ལ་འཕག་པར་བྱེད་པའི་སྟོབས་ཤུགས་སྟོབ།

རང་ལ་སློབ་པས་སྐྱོང་མཁན་དྲིན་ཆེན་ཡིན།
རང་བློ་རྨོངས་བའི་མུན་པ་ཁད་ཀྱིས་གསལ།

No comments:

Post a Comment