Thursday, January 27, 2011

མིག་ཤེལ་ནག་པོས་གྱོན་པའི་གདོང



མིག་ཤེལ་ནག་པོ་དེ་

དཀར་སོབ་སོབ་ཀྱི་ཁྱོད་ཀྱི་གདོང་པ་དེ་གྱོན་ཏེ

སུ་ཞིག་ལ་ཁུ་སིམ་སིམ་གྱིས་ལྐོག་ལྟ་བྱེད

དེ་ཁྱོད་ཀྱི་རྒྱང་གཟིགས་ཡིན་མིན་ཇི་ལྟར་ཡང།

ཁྱོད་ཀྱི་གདོང་པ་

མིག་ཤེལ་ནག་པོ་དེ་ལ་ཧ་ཅང་གིས་མཛའ་ཞིང་རན

ཁྱོད་ཀྱིས་གོམ་པ་སྤོས་དང་

མིག་ཤེལ་ནག་པོ་དེས་

ཁྱོད་ལ་དཀར་བོང་བོང་གི་ལམ་ཁ་ཞིག་སྟོན་པ་གདོན་མི་ཟ

ཁྱོད་ཀྱིས་མིག་ཤེལ་ནག་པོ་དེ་གྱོན་ཡོད་པོས

ཁྱོད་ཀྱིས་བདེ་བ་ཅན་ལ་རྒྱང་གཟིགས་བྱེད་ཀྱིན་གདའ

ལྟོས་དང་།  ད་དུང་། ཁ་ན་འཛུམ་ཞིག་འཁྱིལ

དེ་ཇི་འདྲའི་ཡིད་དུ་འོང་ཨང་

དེ་ཁྱོད་ཀྱི་ལམ་རྒྱགས་ཡིན་པར་སྨོན

དེ་ཁྱོད་ཀྱི་མི་ཚེ་ཡིན་པར་སྨོན

དབང་ཆེན་འཕྲིན་ལས་ལགས

No comments:

Post a Comment