Tuesday, January 4, 2011

ཚེར་མ། མེ་ཏོག




                                                      ཚེར་མ།




 


ཚེར་མ་དེ་ཧ་ཅང་གིས་ཆུང་ན་ཡང་།
མཛུབ་མགོ་འདི་ཧ་ཅང་གིས་ན།

མཛེས་སྡུག་གི་མེ་ཏོག་དེ།
ཚེར་གསེང་ན་བཞད་ཡོད་པས།
ངའི་མཛུབ་མགོར་ཚེར་མ་ཟུག་སོང་།

མེ་ཏོག་ལ་རག་ཐུབ་་སོང་མོད།
མེ་ཏོག་དེ་བཏོགས་ཐུབ་མ་སོང་།

ཚེར་མ་དེ་ཟུག་ནས་ལོ་ཤས་འདས།
མཚམས་མཚམས་ལ་ཟུག་ཡོད་མེད་མི་ཤེས་མོད་།
མཚམས་མཚམས་ལ་རག་མ་་རག་གིས་ཧ་ཅང་ན།

ཚེར་མ་དེ་ཕྱིར་ལེན་ཐུབ་ས་མ་རེད།
དེ་ཧ་ཅང་གིས་གཏིང་ལ་ཟུག་འདུག

ཚེར་མ་དེ་མོ་ལ་དགའ་བ་དང་འདྲ།
ན་ཟུག་དེ་མོ་རང་དྲན་པ་དང་མཚུངས།
མོ་ཚེར་མ་ལྟར་ངའི་སེམས་ལ་ཟུག་འདུག

ཚེར་མ་དེ་ཧ་ཅང་གིས་ཆུང་ན་ཡང་།
སེམས་པ་འདི་ཧ་ཅང་གིས་ན།

མེ་ཏོག་དེ་བཏོགས་ཐུབ་མ་སོང་མོད།
སེམས་ཀྱིས་བཤད་ན།
ན་ཟུག་དེ་སེམས་ཀྱི་འཚར་ལོངས་ཡིན་ཟེར།



No comments:

Post a Comment