Tuesday, August 16, 2011

ང་རང་ལམ་ལ་ཆོས་ཏེ།



ཕ་ཡུལ་ལགས་བུས་མདོ། 

ང་རང་ལམ་ལ་ཆོས་ཏེ།  དྲོལ་ཁོལ་དང་བརྩེ་བ་ཉུང་བའི་ས་མཐར་སྙེག
ང་རང་ལམ་ལ་ཆོས་ཏེ།  དུངས་བ་དང་སྙིང་གཏམ་མེད་པའི་ས་མཐར་འགྲིམས
རྒྱང་རིང་། རྒྱང་རིང་།  ང་ནི་རྒྱང་རིང་གི་འཁྱམས་པོ
ཐག་ཉེ། ཐག་ཉེ།  ཁྱེད་ནི་སེམས་ཁོང་གི་ཕ་ཡུལ
ངའི་ཕ་ཡུལ་ལགས   བུས་མདོ
ངའི་སེམས་ཁོང་གི་ཁ་བཏགས་འབུལ་ས
རྟག་པར་རྨི་ལམ་ལ་འཁོར་བའི་ངའི་ཕ་ཡུལ
རྟག་པར་རྨི་ལམ་ལ་འཁོར་བའི་ངའི་ཕ་ཡུལ
ས་མཐའ་ན་དྲོལ་ཁོལ་མེད་ཀྱང་། ངས་ཁྱེད་རང་བརྗེད་མེད
ས་མཐའ་འདི་རྒྱང་ཐག་རིང་ཡང་།  ངས་ཁྱེད་རང་དྲན་ནས་ཡོད
ཕ་ཡུལ་ལགས་བུས་མདོ། 


ང་རང་ལམ་ལ་ཆོས་ཏེ། ཕུགས་འདུན་དང་འཚོལ་སྙེག་ཅིག་གི་རྗེས་ལ་འཐིམས
 ང་རང་ལམ་ལ་ཆོས་ཏེ།  འཚོ་བ་དང་ཉི་ཟེར་དེ་ཡི་ཕྱོགས་སུ་རྒྱུགས
རྒྱང་རིང་། རྒྱང་རིང་།  ང་ནི་རྒྱང་རིང་གི་འཁྱམས་པོ
ཐག་ཉེ། ཐག་ཉེ།  ཁྱེད་ནི་སེམས་ཁོང་གི་ཕ་ཡུལ
ངའི་ཕ་ཡུལ་ལགས   བུས་མདོ་།
ངའི་སེམས་ཁོང་གི་གནས་ཚང་དྲོན་མོ
རྟག་པར་རྨི་ལམ་ནས་མཇལ་བའི་ངའི་ཕ་ཡུལ
རྟག་པར་རྨི་ལམ་ནས་མཇལ་བའི་ངའི་ཕ་ཡུལ
ས་མཐའ་ན་བརྩེ་བ་མེད་ཀྱང་།  ངས་ཁྱེད་རང་བརྗེད་མེད།
ས་མཐའ་འདི་རྒྱང་ཐག་རིང་ཡང་།  ངས་ཁྱེད་རང་དྲན་ནས་ཡོད་།
ཕ་ཡུལ་ལགས་བུས་མདོ། 
རྐང་ཐང་རྐང་ཐང་ལ་ཡོང་སའི་ལམ་ཁ་དེ
ས་ཆ་འདི་ནས་རྒྱང་ལ་བགྲོད་སའི་ལམ་ཡིག་ཡིན
ལ་ལོང་ལ་ལོང་མང་པོ་བརྒལ་བ་དེ
རྒྱང་རིང་འདི་ནས་ཤུགས་ཀྱིས་འཚོ་བའི་ཤུགས་གླུ་ཡིན
ལམ་ལ་ཆས།    རྒྱལ་ཁམས་ལ་འགྲིམས
ཕ་ཡུལ་ལྟ་བའི་གནས་ཚང་དེ
ཕ་ཡུལ་ལས་གང་ན་ཡང་་མེད།   བཙལ་ཡང་མ་རྙེད
ཕ་ཡུལ    ཕ་ཡུལ   ཕ་ཡུལ
ཁྱེད་ཀྱིས་དབུ་འཕང་དགུང་ལ་གཏད་དེ་གླུ་ཞིག་ལོངས
ཕ་ཡུལ    ཕ་ཡུལ   ཕ་ཡུལ
ས་མཐའི་བུ་ཆུང་ཁྱེད་ལ་སྙེག་ཏེ་ཡོང་གིན་ཡོད

རྒྱང་རིང་རྒྱང་རིང་ན་གྲོང་སྡེ་ཆུང་ཆུང་ཞིག
ས་ཆ་དེ་ནི་ང་ཡི་རྐང་པ་ས་ལ་འཛུགས་ས་ཡིན
དུངས་བ་དུངས་བ་ཡི་ཕ་ཡུལ་གྱི་མི་དང་མི
ཐག་ཉེ་དེ་ནི་ང་ཡི་སྙིང་གཏམ་དབྱངས་ལ་གྱེར་ས་ཡིན
ལམ་ལ་ཆས།   ཕ་ཡུལ་ལ་བསྐྱོད
གནས་ཚང་ལྟ་བའི་ས་མཐའ་འདིར
རང་དབང་ཡོད་ཀྱང་ཕ་ཡུལ་མིན     ཕ་ཡུལ་ནི་མིན
ཕ་ཡུལ    ཕ་ཡུལ   ཕ་ཡུལ
ཁྱེད་ཀྱིས་དབུ་འཕང་དགུང་ལ་གཏད་དེ་གླུ་ཞིག་ལོངས
ཕ་ཡུལ    ཕ་ཡུལ   ཕ་ཡུལ
ས་མཐའི་བུ་ཆུང་ཁྱེད་ལ་སྙེག་ཏེ་ཡོང་གིན་ཡོད




No comments:

Post a Comment