ང་ཡི་རྩ་བའི་བླ་མ། བསྟན་འཛིན་རྒྱ་མཚོ་མཆོག་ཡིན །
འཛམ་གླིང་ཤར་ནུབ་མེད་ལ། བརྩེ་བའི་འཛུམ་གྱིས་ཕེབས་ཏེ །
བྱམས་དང་བརྩེ་བའི་ཕྱག་རྗེས ། འཛམ་གླིང་ཡོངས་ལ་བཀོད་ཡོད།
ཕ་ཡུལ་ཁ་བ་གངས་ཅན ། བོད་མི་ཡོངས་ཀྱི་ཕ་ས།
ཕོ་བྲང་པོ་ཏ་ལ་ནི། བླ་མ་ཁྱེད་ཀྱི་བཞུགས་ས།
གཞིས་ལུས་སྤུནཟླ་ཡོངས་ཀྱིས། ཁྱེད་ལ་རེ་ཞིང་སྒུག་ཡོད།
བྱེས་འབྱོར་བོད་མི་ཡོངས་ཀྱིས། ཁྱེད་དང་འགྲོགས་ནས་ལོག་འདོད།
བསྐལ་བ་བཟང་བའི་དུས་ལ །། གཞི་བྱེས་ལྷན་འཛོམས་བྱུང་ཏེ།
ཕོ་བྲང་པོ་ཏ་ལ་རུ། ཁྱེད་དང་མཇལ་བར་སྨོན་སྨོན །།།།།
No comments:
Post a Comment