པཎ་ཆེན་ལགས། རིན་པོ་ཆེ།
ས་ཕྱོགས་བུས་མདོ་ཡུལ་གྱི་གྲོང་རྡལ་ནས།
བལྟམས་པའི <འཁྲུངས་> མཛད་པ་ལྷུན་གྱིས་བསྐྱངས།
གདན་ས་བཀྲ་ཤིས་ལྷུན་པོའི་བཞུགས་གནས་ནས།
ཐོས་བསམ་སློབ་གཉེར་རྒྱས་བར་གནང་།
སངས་རྒྱས་བསྟན་པའི་སྙིང་བོ་ལ།
ཚུལ་ཁྲིམས་རྣམ་དག་མཁོ་བར་བསྒྲགས།
བསྟན་པ་སྤེལ། འཛིན་སྐྱོང་བྱས།2
པན་ཆེན་ལགས། ཁྱེད་ནི་བོད་ལ་བཀའ་དྲིན་ཆེ། 2
ད་ལྟ་ཡོད་ན་བསམ་ཞིང་བསམ། 2
ཁ་བ་རི་བོའི་སྐྱིད་སྡུག་བསམ་ནས།
ཡིག་འབྲུ་བདུན་ཁྲིའི་སྙན་ཞུ་ཕུལ།
བོད་མི་ཡོངས་ཀྱི་ལས་དབང་བསམ་ནས།
ལོ་དགུ་ཟླ་དགུ་བཙོན་ལ་བཅུག
རང་སྐད་དག་མོ་ཐོད་ལ་བཏགས།
སྐད་ཡིག་གཙང་མ་སྲོག་ཏུ་བཟུང་།
སློབ་གྲྭ་བཙུགས། བཀའ་སློབ་གནང་།་[བསྩལ]2
པཎ་ཆེན་ལགས། ཁྱེད་ནི་བོད་ལ་བཀའ་དྲིན་ཆེ། 2
ད་ལྟ་ཡོད་ན་བསམ་ཞིང་བསམ། 2
གངས་ཅན་ལྗོངས་ལ་མུན་པ་འཐིབས་ནས།
བོད་མི་ཡོངས་ཀྱི་ཉི་ཟླ་བསྒྲིབས་སོང་།
གཡོ་དང་ཁྲམ་གྱི་མཚོན་ཆ་རྣོན་པོས།
པཎ་ཆེན་ཁྱེད་རང་ཕྱི་མར་བསྐྱལ་[བརྫངས]་སོང ་།
ཤུལ་ན་ཁྱེད་ཀྱི་མཛད་རྗེས་གསལ།
ད་ལྟ་ཁྱེད་ཉིད་གང་དུ་ཡོད།
གང་དུ་ཡོད། པཎ་ཆེན་ལེགས། 2
པཎ་ཆེན་ལགས། ཁྱེད་ནི་བོད་ལ་བཀའ་དྲིན་ཆེ། 2
ད་ལྟ་མཇལ་ན་བསམ་ཞིང་བསམ། 2
གངས་ཅན་བོད་ཀྱི་དཔའ་བོ་དཔའ་མོ
མནར་གཅོད་ཀྱི་སྡུག་བསྔལ་མ་བཟོད།
རང་དབང་གི་འཚོ་བའི་ཆེད་དུ།
མགོ་བོ་དགྱེས། ཡར་ལ་ལངས།
བྲང་ཁོག་ལྡིར། མདུན་ཏུ་མཆོངས།
མེ་མདའ་ཡིས་ཁྱེད་ཚོའི་ཚེ་སྲོག་བཅོམ།
ལྕགས་སྒྲོག་གིས་ཁྱེད་ཚོའི་རང་དབང་འཕྲོག
ཁྱེད་ཆོའི་ཁྲག་དམར་ས་ནས་བཞུར་ཏེ་ཆུ་ལ་འདྲེས།
ཁྱེད་ཚོའི་འབོད་སྒྲ་དབྱིངས་ནས་གྲགས་ཏེ་གླིང་ལ་ཁྱབ།
ཁྱེད་ཚོས་རང་སྲོག་མེ་ལ་བསྒྲོན་ནས་རང་དབང་རྩད།
གངས་ཅན་བོད་ཀྱི་དཔའ་བོ་དང་དཔའ་མོ།
འཆི་བ་རླབས་ཆེ། ང་ཚོ་ནམ་ཡང་མཉམ་དུ་ཡོད།
ལོ་རྒྱུས་ཀྱིས་ཁྱེད་རང་ཚོ་བརྗེད་མི་སྲིད།
དྲང་བདེན་གྱིས་ཁྱེད་རང་ཚོ་གཡུག་མི་སྲིད།
སྐྱིད་སྡུག་གཅིག། ང་ཚོ་ནམ་ཡང་མཉམ་དུ་ཡོད།
གངས་ཅན་བོད་ཀྱི་དཔའ་བོ་དཔའ་མོ
No comments:
Post a Comment