སེམས་ལ་རླུང་གཡུགས་པའི་ཉིན་ཐོ།།
ཉི་མ་འཇའ་ཁ
ལོ་མ་སྐམ་པོ་དག་་སྐྱ་མོ་རླུང་གི ས་ཁུར་ཏེ
ཉམ་ཆུང་གིས་གྲུ་ག་དང་འཛུལ་ས་ཡལ་ ས་ལ་འཚང
ཤག་ཤག་གི་ལོ་མའི་འཁུན་སྒྲ་ཡིས
གཉོན་དུང་དུང་གི་སེམས་པ་འདི་ཡང
ཤག་ཤག་གིས་གྲུ་ག་ནས་གྲུ་ག་གཞན་ཞ ིག་ལ་ཁུར་སོང
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
དེ་རིང་གི་གནམ་གཤིས་ཇི་འདྲའི་བཙ ོག་ཨང
ནམ་མཁའ་ལ་ས་རྡུལ་གྱིས་ཁེངས
ལོ་མའི་ཚོགས་ས་ལ་ཐོར
རླུང་བུ་ཐོལ་རྒྱགས་ལ་གཡུགས་ཏེ། གློ་རྡེག་ལ་འཇགས་འགྲོ
སྒེའུ་ཁུང་ནས་ཕྱི་ལ་ལྟ་དུས
སེམས་པ་འདི་ཕྱི་ལ་བཀལ་ཡོད་པ་དང་ མཚུངས
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
ས་རུབ་དུས
ཐག་ཉེ་ནས་གྲགས་འོང་བའི་མེ་འཁོར་ གྱི་དུང་སྒྲ
ས་སྲོད་ཀྱི་སེམས་ཁ་བརྒྱུད་ནས་ཐོ ས་དུས
སེམས་པ་འདི་དུང་སྒྲ་དང་འགྲོགས་ཏ ེ། རྒྱང་རྒྱང་ཞིག་ལ་བུད་འགྲོ
མིག་ཟུང་འདི་སྐར་ཆེན་དང་བསྡོངས་ ཏེ། རྒྱང་རྒྱང་ཞིག་ལ་ཤོར་སོང
ཨེ་མ། སྐར་མདའ་དེ་ཇི་འདྲའི་འཁྱུག་ཨང
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
༢༠༡༢། ༢་།་༢༨་ཉིན་ལ།
ཉི་མ་འཇའ་ཁ
ལོ་མ་སྐམ་པོ་དག་་སྐྱ་མོ་རླུང་གི
ཉམ་ཆུང་གིས་གྲུ་ག་དང་འཛུལ་ས་ཡལ་
ཤག་ཤག་གི་ལོ་མའི་འཁུན་སྒྲ་ཡིས
གཉོན་དུང་དུང་གི་སེམས་པ་འདི་ཡང
ཤག་ཤག་གིས་གྲུ་ག་ནས་གྲུ་ག་གཞན་ཞ
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
དེ་རིང་གི་གནམ་གཤིས་ཇི་འདྲའི་བཙ
ནམ་མཁའ་ལ་ས་རྡུལ་གྱིས་ཁེངས
ལོ་མའི་ཚོགས་ས་ལ་ཐོར
རླུང་བུ་ཐོལ་རྒྱགས་ལ་གཡུགས་ཏེ། གློ་རྡེག་ལ་འཇགས་འགྲོ
སྒེའུ་ཁུང་ནས་ཕྱི་ལ་ལྟ་དུས
སེམས་པ་འདི་ཕྱི་ལ་བཀལ་ཡོད་པ་དང་
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
ས་རུབ་དུས
ཐག་ཉེ་ནས་གྲགས་འོང་བའི་མེ་འཁོར་
ས་སྲོད་ཀྱི་སེམས་ཁ་བརྒྱུད་ནས་ཐོ
སེམས་པ་འདི་དུང་སྒྲ་དང་འགྲོགས་ཏ
མིག་ཟུང་འདི་སྐར་ཆེན་དང་བསྡོངས་
ཨེ་མ། སྐར་མདའ་དེ་ཇི་འདྲའི་འཁྱུག་ཨང
སྐབས་དེ་དུས། ངས་བོད་དྲན་སོང
འབར་བཞིན་པའི་བོད་དྲན་སོང
འཕྱོ་བཞིན་པའི་བོད་དྲན་སོང
༢༠༡༢། ༢་།་༢༨་ཉིན་ལ།
No comments:
Post a Comment