Saturday, March 17, 2012



ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་སྦྱར་བའི་གཞས་ཚིག་ཅིག
ལམ་ལ་ཆས
ཕ་ཡུལ་ཏུ་ལོག་པའི་ལམ་ལ་ཆས
ས་མཐའ་ནས་མ་བསྡད་པའི་བསམ་པ་མེད
ས་མཐའ་ནས་མ་མྱངས་བའི་ཉིན་མོ་ཡང་མེད
འགྲོ། ད་ཕ་ཡུལ་ལ་ལོག་འགྲོ
འགྲོ། ད་མཉམ་དུ་ལོག་འགྲོ




ཡུལ་ལ་འགྲོ
ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་ཡིན
སྐྱེས་དུས་ལྟེ་ཁྲག་ཐོར་ས་དང
འཆི་དུས་བམ་པོའི་དུར་ས་ཡིན
འགྲོ། ད་ཕ་ཡུལ་ལ་ལོག་འགྲོ
འགྲོ། ད་མཉམ་དུ་ལོག་འགྲོ

ལམ་ལ་ཆས
ལྷ་ས་རུ་ལོག་པའི་ལམ་ལ་ཆས
ཡོད་ཚད་ཀྱི་ཡོད་ཚད་བློ་ནས་བཏང
བདེན་པ་དང་འོད་ཟེར་ལ་ཕྱོགས་ཏེ་བསྐྱོད
འགྲོ། ད་ཕ་ཡུལ་ལ་ལོག་འགྲོ
འགྲོ། ད་མཉམ་དུ་ལོག་འགྲོ

ཡུལ་ལ་འགྲོ
ཕ་མ་སྤུན་མཆེད་ལ་མཇལ་ཏུ་འགྲོ
ཕུ་ནུ་མིང་སྲིང་ལ་ཐུགས་སུ་འགྲོ
རི་ཆུ་ནགས་གསུམ་ལ་རོལ་ཏུ་འགྲོ
འགྲོ། ད་ཕ་ཡུལ་ལ་ལོག་འགྲོ
འགྲོ། ད་མཉམ་དུ་ལོག་འགྲོ

༢༠༡༢། ༣། ༡༧་ཉིན་ལ།

No comments:

Post a Comment