Monday, August 13, 2012

                           
                         མཚན་སྨག་གྱོན་ནས་ཁེར་རྐྱང་ལ་བསྡད་པ
མཚན་གྱི་ཟླ་བའི་ཆ་ཤས་མ་རྫོགས་སྐར་ཚོགས་སྨྲེང་བས་ཡོམ་ཡོམ་འདར།།
སྨག་ལ་འཇིགས་པའི་འབུ་སྲིན་ཚོགས་རྣམས་ལོ་མའི་གསེབ་ན་མུག་སྐད་འདོན།།
གློག་བཞུད་མཐའ་ན་གཤོག་ཐོག་མང་པོ་འོད་ལ་དུངས་རྐྱེན་སྲོག་ཀྱང་ཤོར།།
རྒྱང་ནས་གྲགས་ཤིང་རྒྱང་ནས་སླེབས་ཏེ་རྒྱང་ལ་བསྐྱོད་པའི་མེ་འཁོར་དེས།།
སེམས་ཀྱི་འཇགས་པ་ཧར་གྱིས་དཀྲོགས་ཏེ་བསམ་པའི་སྣེ་མོ་དྲུད་དེ་བཞུད།།

རླུང་ལ་རྒྱུ་བའི་དྲི་ཞིམ་མངར་མོ་མེ་ཏོག་སུ་ཡི་སྙིང་གཏམ་ཡིན།།
ཁྲག་ལ་འཁོར་བའི་དུག་སྦྲང་བཙན་པོ་དུས་རབས་གང་གི་ཕོ་ཉ་ཡིན།
སྲང་ན་འཁྱམ་པའི་ཁྱི་རྐྱང་ལྡོམ་པོ་མི་རབས་གང་གི་རྣམ་ཐར་ཡིན།།
མཁའ་ན་འཁྱུག་པའི་སྐར་མདའ་དྲང་མོ་སེམས་པ་གང་གི་རྨི་ལམ་ཡིན།།
མཚན་སྨག་ཁྲོད་ནས་མུན་པ་གྱོན་པ་ཁེར་རྐྱང་སུ་ཡི་འཚོ་བ་ཡིན།།
༣།༥།༢༠༡༢
{ཡིག་རྒྱུགས་ཀྱི་ཆེད་དུ་ཕྱི་ལ་སོང་།  སེམས་པ་འདི་གློག་ལྟར་འཁྱུག་ཚུལ}

No comments:

Post a Comment