ཁྱིའུ་དཀར་པོ་དེས་རུས་པ་དཀར་པོ་ཞིག་ཁ་ལ་བཙུར་ནས་དེ་ལ་ཤི་འཐེན་རོ་འཐེན་བྱེད་ཀྱིན་འདུག རུས་པ་དཀར་པོ་དེ་ཁྱིའུ་དཀར་པོ་དེའི་ཁ་ན་ཡར་འཕག་མར་འཕག་བྱེད་ཀྱིན་འདུག
མཚམས་ཤིག་ལ།ཁྱིའུ་དཀར་པོ་དེ་ཡི་ཁ་ནས་ཁྲག་དམར་པོ་ཞིག་ཛ་ར་ར་ཡོང་གིན་འདུག།དེ་ནི་རུས་པ་དཀར་པོ་དེ་ཡིས་ཁྱིའུ་དཀར་པོ་དེ་ཟས་སོང་བས་རེད།འོན་ཀྱང་།ཁྱིའུ་དཀར་པོ་དེ་རུས་པ་དཀར་པོ་དེར་དུངས་ཁ་དང་རྔམ་ཁ་སྔར་ལས་ལྡིང་།
ཁྱིའུ་དཀར་པོས་རུས་པ་དཀར་པོ་འཆོས།རུས་པ་དཀར་པོས་ཁྱིའུ་དཀར་པོ་ཟོས།ཁྱིའུ་ཁྲག་ཐོན།རུས་པ་ཐོར།
ཁྱིའུ་དཀར་པོ་དེ་ཡིས་ཁྲག་དམར་པོ་དེ་རང་གི་ཟུངས་ཁྲག་ཡིན་པ་རྨང་ནས་མ་ཤེས།རུས་པ་དཀར་པོ་དེ་ལ་ཡང་ཁྱིའུ་ཁྲག་དམར་འདོན་པའི་འདུན་པ་དང་ནུས་པ་ཁྱོན་ནས་མེད།
དེ་ལྟར།ཉི་མ་ནུབ་ཏེ་ཟླ་བ་ཤར་དུས།ཁྱིའུ་དཀར་པོ་དེ་ཡང་རུས་པ་དཀར་པོ་ཞིག་ལ་གྱུར།རུས་པ་དཀར་པོ་དེ་ཡང་ཁྱིའུ་གཞན་ཞིག་གི་ཁ་ནང་གི་རུས་པ་དཀར་པོ་དེ་ལ་གྱུར།ཁྱིའུ་དེས་ཀྱང་་་་་་་་་
༢༠༡༡།༤།༡༡
No comments:
Post a Comment