Saturday, August 11, 2012




སྨུག་ལོང་ཁྲོད་ཀྱི་ངོ་གདོང་།



སྨུག་པ་ས་ལ་འབྱར་ཡོད་པའི་ཞོགས་པ་དེར
ང་། སྨུག་པ་ལ་འཛུལ་ཏེ་སྨུག་པ་ནས་བསྐྱོད

རྒྱང་རིང་ན་ངོ་དགོང་མི་གསལ་བའི་མི་ཞིག་ཡོང་གིན་འདུག
རྒྱང་རིང་ན་ངོ་གདོང་མི་གསལ་བའི་མི་ཞིག་འགྲོ་བཞིན་འདུག
 

སྨུག་པ་ཐོལ་གྱིས་འཐིབས་སོང
སྨུག་པ་གློ་རྡེག་ལ་དྭངས་སོང

འགྲོ་བཞིན་པ་དེ་མི་མ་རེད
ཡོང་བཞིན་པ་དེ་ཡང་མི་མ་རེད
བོང་བུ་སྐྱ་ལོག་ཅིག་རེད
ཁྱོ་སྨྱོན་ཧྲེ་ལོག་ཅིག་ཡིན་ནམ
ལྕང་སྡོང་སྐམ་པོ་ཞིག་ཡིན་ནམ

འོ་། དེ་སྙན་ངག་ཅིག་རེད། སྙན་དག་ཅིག་རེད
ངོ་སྙན་དག་ཅིག་རེད

No comments:

Post a Comment