ཨ་མ་རིག་རྒོད།
རྒྱ་ཡིག་གི<<སྒྲུང་ཐུང་ཁྲོད་ཀྱི་ཚེ་སྲོག་གི་གཏན་སྲོལ་༡༩༢>>ཞེས་པ་ལས་བསྒྱུར།
དང་པོ།
ཇིའི་ཁྱིམ་ཚང་གི་བྱིས་པ་ནར་སོན་ཏེ་ཅུང་བསམ་ཤེས་དུས།ཨ་མའི་གསུངས་རབ་ཀྱི་ཁ་ཕྱེ་ཞིང་དེ་ལ་བདུད་རྩིའི་ཐིགས་པ་གཏིག་ནས་བྱིས་པ་ཚོེར་ལྡག་ཏུ་འཇུག་གིན་ཡོད་པ་རེད།
ཇིའི་ཚང་གི་བྱིས་པས་ཨ་མས་ཅི་ཞིག་དྲིས་ན་དེ་ལ་ལན་བསྐྱོན་རྩིས་ཀྱི་འཚང་ཁ་ཤུག་ཤུག་བྱེད།ཐེངས་ཤིག་ཨ་མས་ཁོ་ཚོར་དྲི་བ་ཞིག་དྲིས་དོན། “གལ་སྲིད་ཉིན་མ་ཞིག་ལ་ཁྱོད་ཀྱི་ཁང་པ་མེ་ལ་ཤོར་ན།ཁྱོད་ཀྱིས་ཅི་ཞིག་ཁྱེར་ཏེ་ཕྱི་ལ་འགྲོ་རྒྱུ་ཡིན།”གལ་སྲིད་བྱིས་པའི་དྲི་ལན་ནི་དངུལ་སྒོར་དང་རྡོ་རྗེ་ཕ་ལམ་ཡིན་ན།ཨ་མས་བསྐྱར་ཏུ་རྟིང་སྣོན་གྱིས་འདྲི་དོན།“གཟུགས་མེད་དྲི་མེད།ཁ་དོག་ཀྱང་མེད་པའི་རིན་པོ་ཆེ་ཞིག་ཁྱོད་ཀྱིས་དེ་ཤེས་སམ”གལ་སྲིད་བྱིས་པས་ལན་བསྐྱོན་མ་ནུས་ན།ཨ་མས་ཁོ་ཚོར་འདི་ལྟར་བཤད་ངེས། “བྱིས་པ་ཚོར་ཁྱོད་ཚོས་ཁྱེར་འོས་བ་དེ་ནི་གཞན་ཅི་ཡང་མ་རེད།འོན་ཀྱང་རིན་པོ་ཆེ་དེ་ནི་ཁྱོད་ཀྱི་རིག་པ་ཡིན།རིག་པ་ནི་སུ་དང་གང་གིས་ཀྱང་འཕྲོག་མི་ཐུབ།དེ་བས།ཁྱོད་ངེས་པར་གསོན་དགོས་ལ།དེ་ལྟར་བྱས་ན།རིག་པ་ནི་ནམ་ཡང་ཁྱོད་དང་འགྲོགས་ནས་ཡོད།”
གཉིས་པ།
དེ་ནས་ཡང་ཨ་མས་ཚོ་ལ་དྲི་བ་གསུམ་འདི་ལྟར་བཏོན།
དང་པོ།གལ་སྲིད་ཇིའི་མི་གཉིས་དུ་ཁུང་ནས་ཐོན་ཏེ་གཅིག་ནི་དུ་དྲགས་ཀྱིས་ནག་ཐོ་སེ་དང་ཅིག་ཤས་ནི་གཙང་མར་གནས་ཡོད་ན།ཁོ་གཉིས་ལས་སུ་ཞིག་འཁྲུས་བྱེད་དུ་འགྲོ་སྲིད་དམ།
བྱིས་པ་ཚོས “ནག་ཐོ་སེ་ཡི་མི་དེ་འཁྲུས་བྱེད་དུ་འགྲོ་ཐག་ཆོད་རེད”ཅེས་ལན་བཏབ།
དེ་ནས་ཨ་མ་ན་རེ།“ནོར་སོང་།ནོར་སོང་།ནག་ཐོ་སེ་ཡི་མི་དེ་ཡིས་གཙང་མར་གནས་བའི་མི་དེ་མཐོང་བ་ན།རང་ཉིད་ཡང་གཙང་མར་གནས་ཡོད་པར་བསམ་ཏེ་འཁྲུས་བྱེད་དུ་མ་སོང་།དེ་ནས།གཙང་མར་གནས་བའི་མི་དེ་ཡིས་ནག་ཐོ་སེ་ཡི་མི་དེ་མཐོང་བ་ན།རང་ཉིད་ལ་ཡང་ནག་ནག་གོས་ཡོད་སྙམ་ཏེ་འཁྲུས་བྱེད་དུ་སོང་བ་རེད།དེ་བས།འཁྲུས་བྱེད་དུ་འགྲོ་བའི་མི་དེ་གཙང་མར་གནས་བའི་མི་དེ་རེད་ལགས”
གཉིས་པ།ཐེངས་འདིར་ཡང་ཁོ་གཉིས་སྔར་བཞིན་དུ་ཁུང་ནས་ཐོན་པ་རེད།གནས་སྟངས་གོང་དང་ཇི་བཞིན་ཡིན་པས།ཐེངས་འདིར་སུ་ཞིག་འཁྲུས་བྱེད་དུ་འགྲོ་སྲིད་དམ།
ཡང་བྱིས་པ་ཚོས་“ཐེངས་འདིར་གཙང་མར་གནས་བའི་མི་དེ་འཁྲུས་བྱེད་དུ་འགྲོ་བར་སྨྲོས་མ་དགོས་བ་རེད”ཅེས་ལན་བཏབ།ཡང་ཨ་མ་ན་རེ་“ཡང་ནོར་སོང་།ཐེངས་འདིར་གཙང་མར་གནས་བའི་མི་དེ་ཡིས་སྔོན་མར་འཁྲུས་བྱེད་པའི་སྐབས་སུ་དོན་གྱི་རང་ཉིད་གཙང་མར་གནས་བ་ཤེས་རྟོགས་བྱུང་།དེ་ནས་ནག་ཐོ་སོ་ཡི་མི་དེས་ཀྱང་སྔོན་ལ་གཙང་མར་གནས་བའི་མི་དེ་ཅི་ཕྱིར་འཁྲུས་བྱེད་དུ་སོང་བ་དེ་ཧ་གོ་སོང་བས།ཐེངས་འདིར་ནག་ཐོ་སེ་ཡི་མི་དེ་འཁྲུས་བྱེད་དུ་སོང་རེད།”
གསུམ་པ།ཡང་ཁོ་གཉིས་དུ་ཁུང་དེ་ནས་ཐོན་ཏེ་གནས་སྟངས་ནི་གོང་དང་གཅིག་མཚུངས་ཡིན་པས།ཐེངས་འདིར་སུ་ཞིག་འཁྲུས་བྱེད་དུ་འགྲོ་སྲིད་དམ།
བྱིས་པ་ཚོ་ཚམ་ཚོམ་གྱིས་“་་་་་་ནག་ཐོ་སོ་ཡི་མི་དེ་་་་གཙང་མར་གནས་བའི་མི་དེ་་་་་་་”ཞེས་ཐག་གཅོད་བྱེད་མ་ཐུབ།དེ་ནས་ཨ་མ་ན་རེ་“ཁྱོད་ཚོ་སྔར་བཞིན་ནོར་སོང་།ཁྱོད་ཚོས་མི་གཉིས་དུ་ཁུང་གཅིག་གི་ནང་ནས་མར་ཐོན་དུས།གཅིག་གནི་ནག་ཐོ་སེ་དང་ཅིག་ཤས་ནི་གཙངམར་གནས་བའི་འདི་འདྲའི་དོན་དག་ཅིག་མཐོང་མྱོང་ངམ།”
འདི་ལྟར་ཟམ་མི་ཆད་པའི་བློ་འབྱེད་བརྒྱུད་ནས།ཨ་མས་བྱིས་པ་ཚོར་གནད་དོན་ལ་ཇི་ལྟར་བས་གཞིགས་བྱེད་དགོས་མིན་གྱི་རིག་པ་རྣོན་པོ་སྩོལ།དེ་བས།ཇིའི་མི་རིགས་ནི་གནམ་འོག་གི་ཆེས་འབྱོར་ཕྱུག་ལྡན་པ་དང་ལེགས་འགྲུབ་འཁྱོངས་བའི་མི་རིགས་དེ་ཆགས་སོང་བ་རེད།
No comments:
Post a Comment