Monday, December 23, 2013

 
༔༔   ལྭ་སྒྲོན།  ༔༔
 
དོ་དགུང་།  གློ་རྡེག་ལ་གློག་ཆད་སོང་།
ལུས་པོ་འདིར་གློག་རྒྱུགས་པ་ལྟར་ཚ་བེར་རེ་བཏང་སོང་།

མུན་ནག་གི་ཁྲོད་ནས་དུག་སྦྲང་གིས་འཇབ་རྒོལ་བྱས།
མུན་ནག་གི་ཁྲོད་ནས་སྒོ་དང་སྒེའུ་ཁུང་ཡང་མ་མཐོང་།
གྲུ་ག་ནས་ལྭ་སྒྲོན་ཞིག་མེ་ལ་སྒྲོན་སོང་།
ལྭ་ཆུ་ཚ་སོབ་སོབ་ལུས་སྟེང་ན་བཞུར་ནས་ཡོང་གི་འདུག
 

ང་ཚོས་དེ་ཡི་འོད་སྣང་དང་དྲོད་ཁོལ་ཁོ་ན་ལ་བརྟེན་ནས།
རང་རང་ས་ནས་ཅིག་སྣོག་ཞོར་དེ་ལ་ཅེར་ནས་བསྡད།
སྒེའུ་ཁུང་ཕྱི་རོལ་ནས་གསལ་ལ་མི་གསལ་བའི་འོད་སྣང་དེ།
ལྭ་སྒྲོན་གྱི་རང་སྲོག་སྦར་བ་ཚོར་ཡང་ཤུགས་ཀྱིས་ཁ་གྲགས་མཁན་སུ་ཡང་མ་བྱུང་།
དོ་དགུང་གི་གློག་ད་དུང་སླེབས་མ་སོང་།
 
ལྭ་སྒྲོན་སྦར་ནས་ཚར་ལ་ཉེ།
༢༠།༡༢།༢༠༡༣་ཉིན།
 

No comments:

Post a Comment