Monday, December 23, 2013

ཀཱ་ལི་ཀ་ཏ་སོང་བའི་ཀ་རྩོམ་ཆ་མ་ཡ་དོ།
 
ཀཱ་ལི་ཀ་ཏ་་བྷང་ག་ལའི་རྒྱལ་ས་ན།
ཁ་ཁ་ཡིན་པའི་་སྐད་དང་་ཡི་གེ་སོ་སོ་རེད།
ག་ལེར་གྲོང་དང་སྲང་ལམ་རེ་རེར་མྱུལ་བ་ན།
ང་ཡིས་མེས་པོ་ཞིག་གི་ཞབས་རྗེས་དལ་གྱིས་མཐོང་།
 
ཅ་ལག་མ་ལག་མང་ས་ང་ནི་མ་སོང་།
ཆ་ལུགས་ཟུར་ཁ་སྟོན་པའི་གནས་ལ་ཡང་མ་འགྲིམས།
ཇ་འཐུང་ས་ནས་ཇ་རེ་འཐུང་ཞོར་ངལ་གསོ་ཙམ་བྱས་པ་ཡིན།
ཉ་ཉོག་མང་གི་དགོས་ནི་ཉུང་ཉུང་རེད། ངས་མ་རིག་ཀྱང་སྲིད།
 
ཏ་ལེན་སེམས་ཀྱིས་བཟུང་ནས་སོང་སོང་མཐར།
ཐ་མ་སླེབས་ས་ཚན་རིག་གྲོང་ཁྱེར་དང་རྩི་ཤིང་གླིང་ཀ
ད་དུང་དཔེ་མཛོད་ཁང་དང་སྐར་མ་ལྟ་ས། རྒྱལ་ཁའི་དྲན་རྟེན་ཁང་།
ན་ཚ་ཞིག་བཞག་པ་ནི་འགྲེམས་སྟོན་ཁང་དང་ཐེ་ཀོར་སྡོད་གནས་སུ་འགྲོ་མ་ཐུབ་པ་དེ་ཡིན།
 
པར་ཆས་ཀྱི་ནང་ལ་ཤར་བ་མཛེས་པ་དག་དག་རེད།
ཕ་རོལ་གྱི་རྒྱབ་གཟུགས་ནག་པོ་དང་སྐྱ་བོ་དག་པར་བ་དག་གི་བརྩམས་ཆོས་མིན་དོན་ཅི
བ་སོ་ལྟ་བུའི་སེམས་པ་ཞིག་ཡོད་ཀྱི་ན་དཔོན་པོ་ཚོར།
མ་མཐར་ཡང་ལམ་འགྲོ་བ་དག་གི་མིག་མདུན་ན་སྤྲང་ཚོགས་དེ་འདྲ་ཡོད་ན
 
ཙ་ག་ཙིག་གེ་མང་གི
ཚ་བ་ཡང་ཆེ་རྒྱུ་མེད་ཀི འགྲོ་ན་སྤྱི་ཟླ་༡༠་བའི་ཟླ་མཇུག་ཏག་ཏག་རེད།
ཛ་ར་ཛོ་རེ་ཡང་མང་གི  གྲོང་ཁྱེར་གྱི་དཀྱིལ་མ་ཏོག་ཙམ་གཙང་མ་རེད།
ཝ་ལེར་མཐོང་ཡོང་བ་ནི་ཟམ་པ་ཆེན་པོ་དེ་རེད། བཤད་ཚུལ་ལ་དེ་མགོ་སེར་ཚོས་བཟོས་པ་རེད་ཟེར།
 
ར་སྐོར་ཅན་གྱི་གླིང་ཀ་མང་ཞིང་ཆ་ཆ་བསྡད་ཡོད་པ་ཡང་མང་གི
ལ་ལ་ཞིག་ཕྱུག་པོ་ཡིན་ས་རེད། ཁང་བརྩེགས་ཀྱང་མཐོ་པོ་མང་གི
ཤ་ལ་ཚག་ཤར་ཡོང་བ་ཞིག་ནི་ཧ་ཅང་ཧ་ཅང་ཆེ་བའི་པ་ཡན་ལྗོན་ཤིང་དེ་རེད། ཧ་ལས་པ་རེད།
ས་ཆ་ཆེན་པོ་རེད། ཨོ། ཟམ་པ་དེ་ཧོའོ་ར་དང་ཀཱ་ལི་ཀ་ཏ་གཉིས་ཀྱི་བར་ན་འདུག
ཧ་ཅང་སྐྱིད་པོ་བྱུང་སོང་།  སེམས་རྒྱ་མིག་རྒྱ་ཡང་བསྐྱེད་སོང་།
ཨ་རོག  སྒོར་རྡོག་རེ་ཟུང་ཡོད་ན་ཅིག་འགྲོ་ཐུབ་ན་གྱོང་མེད་ཀི
༢༠༡༣་ཟླ་༡༡་ཚེས། ༧
 
 

No comments:

Post a Comment