ང་ཆུང་དུས་སུ། <ཉིན་འབའ་ར>1་ནས་རྩེད་མོ་རྩེད་རྒྱུ་ཧ་ཅང་དགའ
དེ་ན་རྡོ་ཡིས་བརྩིགས་པའི་བསང་ཁྲི་གྲུ་བཞི་ཞིག་དང
མདའ་ཁུག་དང་འདྲ་བའི་ལབ་ཙེ་ཆུང་ཆུང་ཞིག
ད་དུང་སྐོར་དང་སྐོར་གྱི་དྲ་མ་མང་པོ་ཡང་ཡོད
བཤད་སྲོལ་ལ་བསང་ཁྲི་དེ་ནི་<ཨ་མྱེས་སེ་ཡི>2་ཅོག་ཙེ་དང
ལབ་ཙེ་དེ་ནི་ཨ་མྱེས་སེ་ཡི་མདའ་སྣོད
ད་དུང་དཔུང་དང་དཔང་གི་དྲ་མ་དག་ནི་ཨ་མྱེས་སེ་ཡི་དབུ་སྐྲ་ཡིན་ཟེར
སྐབས་དེ་དུས་སུ། ངའི་བརྩེ་བའི་སྤོ་བས
ཐབ་ཀར་རྒྱབ་རི་མཐོང་བའི་གྲམ་པའི་ཚུར་ཀ་ནས
ངའི་རྩེད་མི་རྩེད་ཚུལ་ལ་གཟིགས་ཏེ
བུ་ཆུང་ངའི་མ་འོངས་བའི་མི་ཚེ་ལ་འདང་རྒྱབ་མྱོང་ཡོད་སྐད
ད་ལྟ་བསམ་ན ས་མཐའ་ནས་བསམ་ན
ང་ཆུང་དུས་སུ ། རྫིང་བུ་ནང་ནས་ཆུ་ལ་རྐྱལ་རྒྱུ་ཧ་ཅང་དགའ
ང་ཚོའི་སྡེ་འདབས་ན་གྲུ་བཞི་དབྱིབས་ཀྱི་རྫིང་བུ་ཞིག་ཡོད
རྫིང་བུ་དེ་ཆེ་རྒྱུ་མེད་ན་ཡང
<ཁྲ་མིག་སྡེ་བ>འི་ཞིང་ཆུ་མ་ཡི་ཁ་སྐོམ་མ་མྱོང
རྫིང་བུ་ཁ་ཡི་གློག་སྡོང་དེར་ཁེན་ཏེ་ཁ་ཐུར་ལ་འཁོར་ན
སྔོ་ཡུག་ཡུག་གི་ཆུ་མ་དང་<པཎ་ཆེན་སྡོང་བོ>4་ཤར་རེ་མཐོང་འོངས ་འོ་བསིལ་རླུང
ད་དུང་གྱེན་ལ་འཁོར་བའི་ཤ་ཤུར་གྱི་<སམ་ཕང>5་དང་<ཡ་རྫི>་ཡི་རི་ཚོགས་ཀྱང་མཐོང་ཐུབ
སྐབས་དེ་དུས་སུ། ངའི་བརྩེ་བའི་སྤོ་བས
ལྷང་ངེར་རྫིང་བུ་མཐོང་བའི་<སྟག་མདོ་ཁ>་ནས
ངའི་ཆུ་ཡི་རྐྱལ་ཚུལ་ལ་གཟིགས་ཏེ
བུ་ཆུང་ངའི་མ་འོངས་བའི་མི་ཚེ་ལ་འདང་རྒྱབ་མྱོང་ཡོད་སྐད
ད་ལྟ་བསམ་ན ས་མཐའ་ནས་བསམ་ན
No comments:
Post a Comment