Thursday, February 16, 2012

འཕྱོ་དང་མཆོངས
རླུང་ལ་བཙའ་ཆགས་པའི་ཉིན་དག
མི་ཡིས་མི་ཟས་ཏེ་ཁྱི་ལྟ་བུའི་རྔ་མ་ཡང་སྐྱེས་སོང

ནར་སོན་བཞིན་པའི་ལོ་ཟླ
ཚིལ་དྲགས་ཀྱིས་ཕྱི་བསྟུན་ནང་བསྟུན་བྱས་བྱས་མཐར
ཀླད་པ་ཀུན་པོས་རང་ཉིད་གཡུགས་ཏེ
གཞན་གྱི་ར་བ་ཞིག་ལ་ར་ལུག་ལྟར་རྒྱུགས་ཤིང་རྒྱུགས

ས་ལ་སྐྱག་དྲི་བའི་ཉིན་དག
འཛུམ་མདངས་ཀྱིས་འཛུམས་མདངས་བསད་དེ་དེ་ལ་མཆེ་བ་ཡང་སྐྱེས་སོང

བགྲོད་བཞིན་པའི་བགྲོད་ལམ་གྱི་བགྲོད་ལམ་དེ
ས་རྡུལ་གྱི་ཡོ་ལང་གི་ཁྲོད་ན་སྲོད་ཁའི་གནམ་མཐའ་བཞིན
རྐང་བ་ཐམས་ཅད་ལྷམ་མགོ་ལ་འཛུལ
བསམ་བློ་གང་ཚང་སྡོམ་རྒྱ་རུ་ཚུད

དུས་ཚོད་ལ་ལྷམ་པ་རྒྱབ་པའི་ཉིན་དག
ཉིན་དཀར་ལ་ཉིན་མོ་གྱོན་ཏེ་གོན་པ་རྒྱབ་ཏུ་སྤོ་མཁན་ཡང་གདའ

ཁང་པ་དང་ཁང་ཆེན་དག་ན
ཀླད་པ་ལ་ཡེ་གེ་བརྫངས་བའི་ཀླད་པ་དག
ཁ་སང་གི་ཁྲོམ་པ་རྫོབ་པོ་ན་ཚིམ་པས་མྱོས
དེ་རིང་གི་ཤི་གསོན་ལ་ཅེར་མཁན་དེ་སུ་ཡིན

༢༠༡༢ །༢།༡༦གི་མཚན་མོར།

No comments:

Post a Comment