Sunday, February 26, 2012

ཡང་ལ་དམར་པོ

 བིན་ཡི་ཏོ། རྒྱ་ཡིག་ནས་བསྒྱུར།

ཡང་ལའི་མེ་ལྕེ་ཐལ་ལ་གྱུར་ཏེ་མིག​་ཆུ་དྲོན་མོ་སྐམ་ལ་ཉེ།---ལི་ཧྲེ​ང་ཡེན།

ཨེ་མ། ཡང་ལ་དམར་པོ་ལགས།
 འདི་འདྲའི་ཁྲག་མདོག་གི་ཡང་ལ་ཨང་​།
 ཨེ་མ། སྙན་ངག་པ།
 ཁྱོད་ཀྱི་ཟུངས་ཁྲག་སྐྱུག་ཏེ་བསྡ​ུར་བསྡུར་དང་།
 ཡིན་ཡང་ཁ་དོག་མཚུངས་སམ།
ཨེ་མ། ཡང་ལ་དམར་པོ་ལགས།
 སུ་ཡིས་ཁྱོད་རང་བསྐྲུན་ཏེ། ཁྱེད་རང་ལ་གཟུགས་གཞི་བྱིན།
 སུ་ཡིས་ཁྱེད་རང་སྒྲོན་ཏེ། བླ་སྲོག་ལ་མེ་ལྕེ་སྦར།
 ཅི་ཕྱིར་ཁྱེད་རང་ངེས་པར་མེར་བསྲ​ེགས་ཐལ་བར་གྱུར་ན།
 གཞི་ནས་འོད་ཟེར་འཕྲོས་དོན་ཅི།
 གཅིག་འཛོལ་གཉིས་ནོར།
 འགའ་བ། གདོང་ཐུག

ཨེ་མ། ཡང་ལ་དམར་པོ་ལགས།
 མི་འཛོལ། མི་ནོར།
 མ་རྩ་ཁྱོད་རང་བསྲེགས་པས་འོད་སྣང​་ཁྱབ།
 འདི་ནི་ཏག་ཏག་ཆེས་རྩ་བའི་རང་བྱུ​ང་གི་ལམ་བུའོ།

ཨེ་མ། ཡང་ལ་དམར་པོ་ལགས།
 བསྐྲུན་ཚར་འདུག། ད་བསྲེག་ཤོག
 བསྲེག་ཤོག། བསྲེག་ཤོག
 སྲིད་པ་མི་ཡི་སྟོང་བསམ་བསྲེག
 སྲིད་པ་མི་ཡི་ཁྲག་དམར་བསྲེག
 ཁོ་ཚོའི་བླ་སྲོག་ཀྱང་སྐྱབས་སོང་​།
 ཁོ་ཚོའི་དམྱལ་བ་ཡང་བཅོམ་སོང་།

ཨེ་མ། ཡང་ལ་དམར་པོ་ལགས།
 ཁྱོད་སེམས་འབར་ཏེ་འོད་སྣང་མཆེད་​དུས།
 ཏག་ཏག་མིག་ཆུ་བཞུར་མགོ་རྩོམ་པའི​་དུས་ཨང་།

ཨེ་མ། ཡང་ལ་དམར་པོ་ལགས།
 མགར་བས་ཁྱོད་རང་བཟོས།
 མ་རྩ་"བསྲེག"་པའི་ཆེད་དུའོ།
 བསྲེགས་ཏེ་འབར་བཞིན་ཡོད་པས།
 ཅི་ཕྱིར་མགོ་བོ་སྡུག་ལ་དཔྱངས་ཏེ​་མཆུ་མ་འདོན།
 ཨོ། བདག་གིས་རྟོགས་སོང་།
 རེད། གྲང་རླུང་གིས་ཁྱོད་ཀྱིས་འོད་སྣང​་ལ་རྒོལ།
 ཁྱོད་རང་བསྲེགས་པ་བརླང་པོ་མིན་ད​ུས།
 གཞི་ནས་འཚུབ་ཆ་ཡིས་མཆུ་མ་བཞུར།

ཨེ་མ། ཡང་ལ་དམར་པོ་ལགས།
 བཞུར་དང་། ཁྱོད་ཅི་ཕྱིར་མི་བཞུར་རམ།
 ཁྱོད་ཀྱི་སྣུམ་ཞགས།
 ཆད་མེད་དུ་མི་ཡུལ་ལ་བཞུར་བར་གནོ​ངས་དང་།
 སེམས་གསོ་ཡི་མེ་ཏོག་འདེབས།
 དགའ་སྤྲོ་ཡི་འབྲས་བུ་སྨིན།

ཨེ་མ། ཡང་ལ་དམར་པོ་ལགས། 
ཁྱོད་ཀྱི་མིག་ཆུ་ཡི་ཐིགས་པ་རེ་ས​་ལ་ཐོར་ན།
 ཁྱོད་ཀྱི་སེམས་པ་རེ་ཐལ་བར་གྱུར།
 སེམས་སྐྱ་མོ་མཆུ་མ་འདོན་པ་ཁྱོད་​ཀྱི་འབྲས།
 འོད་སྣང་བ་གསར་ཏུ་བསྐྲུན་པ་ཁྱོད​་ཀྱི་རྒྱུ།

ཨེ་མ། ཡང་ལ་དམར་པོ་ལགས།
 "ལོ་ལེགས་མ་འདྲི། རྨོ་འདེབས་དྲིས་ཤིག;"

གནམ་གང་ལ་བསྒྱུར་ཏེ་ཚེས་གཅིག་ལ་​མཇུག་སྒྲིལ།།

No comments:

Post a Comment