སེམས་པ་མྱ་ངན་ལ་དཔྱངས
མུན་ནག་ནས་གོམ་སྟབས་རེ་རེ
ཡང་ལའི་འོད་ཟེར་གྱི་སྨོན་ལམ་རེ་རེ་དང་བསྡོངས
དཔའ་བོ་ཚོའི་སྙིང་སྟོབས་དང་ལར་ཞེན་ཡིད་ལ་འཁོར
ངཚོས་འདི་ལྟར་མྱ་ངན་བྱས
གལ་ཏེ་ཡང་ལ་འདི་དཔའ་བོ་ཚོ་ཡིན་ན
ཁོང་ཚོའི་འདི་ལྟར་རང་ལུས་མེ་ལ་སྒྲོན་ཏེ
མུན་ནག་ལ་འོད་སྣང་དང་གྲང་ངར་ལ་དྲོད་ཁོལ་སྟོབས
བཞུར་འགྲོ་བའི་ཡང་ལའི་ཐིགས་པ་རེ་རེ་ནི
དཔའ་བོ་ཚོའི་ཁྲག་ཐིགས་རེ་རེ་ཡིན་ན
དེ་ངའི་མིག་ཟུང་གི་མཆུ་མ་རེ་རེ་ལོས་ཡིན་ཨང་།
་་་དེ་རིང་ཉི་ཤུ་དགུ
སང་ཉིན་གནམ་གང
གནངས་ཉིན་ལོ་གསར་རེད
No comments:
Post a Comment