མཁར་ཁ་དེ་ནས་རྒྱང་ལ་ལྟ་ཐེངས་རེར
དར་ལྕོག་མེད་པའི་མཁར་ཁ་འདི
བོད་སྐད་མི་ཤེས་བའི་བོད་པ་ཞིག་དང་འདྲ
མཁར་དེ་གཞན་གྱི་མཁར་ཅིག་རེད
དེ་བོད་སྐད།རྒྱ་སྐད་དང་དབྱིན་སྐད་ལ་སྐྱབས་བཅོལ་བ་དང་འདྲ
མཁར་ཁ་དེ་ནས་རྒྱང་ལ་ལྟ་ཐེངས་རེར
ངས་ཕ་ཡུལ་གྱི་མཁར་ཁ་ནས་ཀ་ཁ་ཀློག་པ་དེ་དྲན་ཡོང
རྒྱང་རིང་རྒྱང་རིང་མཐོང་བའི་མཁར་ཁ་འདི
བོད་པ་ཞིག་གི་རྒྱ་མོ་དང་དབྱིན་མོ་ལ་གཉེན་སྒྲིག་པ་འདྲ
རྒྱང་རིང་དེ་གཞན་གྱི་རྒྱང་རིང་རེད
དེ་ས་མཐའ་ནས་ཕོ་བྲང་བསྐྲུན་པ་དང་མཚུངས
མཁར་དེ་ནས་རྒྱང་ལ་ལྟ་ཐེངས་རེར
ངས་ཕ་ཡུལ་གྱི་ཨ་ཅེ་ཚོ་དང་ཁང་ཁྱིམ་དག་དྲན་ཡོང
༢༠༡༡།༤།༨
No comments:
Post a Comment