ནད་པའི་སྙན་ངག
༡
རླུང་བུ་དེ་གཡུགས་སྟངས་ཤིག་གིས་ལོ་མ་དེ་ས་ལ་གཏོར་སོང་།ལོ་མ་དེ་ཡངས་དྲག་པས་རླུ་བུ་ཡིས་དབང་ལ་ཁྲིད།
གློ་སྙིང་ལ་ཅི་ཞིག་བྱུང་སོང་བ་ཡིན་ནམ།ཕལ་ཆེར་མཁྲིས་ནད་ཡིན་པ་འདྲ།
༢
དུག་སྦྲང་དེ་འཕུར་མ་ཤེས་བར་སྡོམ་གྱི་རྒྱ་ལ་ཚུད།གོམ་པ་ཡ་སྤོ་སྟངས་ཤིག་གི་རྐང་སྣེ་རྡོ་ལ་ཐོགས།
བྱང་ཁོག་ལ་ཅི་ཞིག་བྱུང་སོང་བ་ཡིན་ནམ།ཕལ་ཆེར་མཆིན་པ་ན་བཞིན་ཡོད་འདྲ།
༣
གྲོག་མ་དེ་འགྲོ་འདུག་མང་བས།ལྷམ་མཐིལ་གྱིས་ས་སྦྱར་སོང་།ཙི་ཙི་ལ་ཚོད་ཟིན་བྲལ་བས།ལྕགས་རྙི་ཡི་ཁ་ལ་ཤོར།
སྙིང་ཁམས་ལ་ཅི་ཞིག་བྱུང་སོང་བ་ཡིན།ཕལ་ཆེར་ཕོ་ཁ་ན་བཞིན་ཡོད་པ་འདྲ།
༢༠༡༡།༤།༤
No comments:
Post a Comment