ཀ་ཕྲེང་གི ་ཀི་ལྡིར།
ཀི་རིང་བཏབས་ཏེ།
ཁུ་སིམ་དཀྲོགས་དུས།
གེ་སར་ཡིན་ཡང་།
ངོ་སོ་མི་སྟེར།
ཅི་ཙམ་ལྷིང་འཇགས་ན།
ཆུ་བོ་དར་གྱིས་བཟུང་།
ཇེ་དམའ་ནས་ཇེ་དམའ་།
ཉོ་ཚོང་གི་བྲིན་ཁ་རྒུད་འགྲོ།
ཏི་སེ་ཡི་དབུ་འཕང་བསྟོད་འདོད་ན།
ཐུ་ལུ་བཏབས་པའི་ཟས་མ་ཟ།
དུ་མ་ཡོད་པ་གསེར་ཏུ་རློམ་ན།
ནོར་འཕྱུགས་བཟོས་བའི་རྐུབ་ཤ་བཏོན་ཡོང་།
པི་ཝང་དཀྲོལ་བའི་སྒྲ་དབྱངས་གིས།
ཕུ་ཡི་གཉིད་རྣམས་ཧོལ་གྱིས་དཀྲོགས།
བེ་ཏ་ཤིང་གི་སྔོ་མདོག་དེ།
མོ་མ་རྣམས་ཀྱིས་སེམས་ལ་བཟུང་།
ཙི་ཙི་ཁུང་ལ་འཛུལ་བ།
ཚུ་རི་ཕ་རིའི་ཉེན་ཁ།
འཛུམ་ཙམ་འཛུམ་ཙམ་བྱེད་པ།
ཝོ་བརྒྱལ་མིན་ན་རྫུན་མ།
ཞི་མིའི་སྡེར་མོ་སྤུ་ཡིས་བཏུམས།
ཟུར་ལ་ཐུག་དུས་འཇུར་ནས་བཏོན།
འེ་ཅག་སེམས་པ་བག་ལ་ཉལ།
ཡོ་ལང་རྒྱས་དུས་རབ་ཏུ་འཁྲུགས།
རི་བོ་ལྷུན་པོ་བརྟན་སོང་ན།
ལུ་གུ་ཕྱུགས་ཀྱིས་རྩྭ་ས་བདེ།
ཤེད་མོང་རྒྱས་ལ་དོགས་པ་མེད།
སོ་ཁ་གང་ལ་འདང་རྒྱག་མེད།
ཧི་མ་ལ་ཡ་བརྒལ་བ་དེ།
ཨུ་ཚུགས་སྤྱོད་པའི་གླེན་རྟགས་མིན།
ཧེ་བག་ཡོད་ན་རྩ་དོན་འཁྱོངས།
ཨོ་ལོ་ཚོགས་ཀྱི་རང་ཚུགས་ཡིན།
༢༠༡༢།༡༠།༡༤།དགུང་མོར།
No comments:
Post a Comment