ལོ་མའི་འོག་ནས་ངུ་ཤུམ་བྱས་པ།
༢༥།༡༠།༢༠༡༢མཚན་མོར།
མ་གང་ཟླ་བའི་མཚན་གུང་ལ།།
ལོ་མའི་འོག་ནས་ཁེར་སྡོད་བྱས།།
ཐ་མག་གཅིག་གི་སེམས་གསོ་ཡིས།།
སེམས་ཁ་བདེ་བའི་ཐབས་ལ་འབད།།
མགོ་བོ་དགྱེས་ནས་གནམ་ལ་ཅེར།།
སྐར་མ་ཆ་བོ་མོག་མོག་རེད།།
༢༥།༡༠།༢༠༡༢མཚན་མོར།
མ་གང་ཟླ་བའི་མཚན་གུང་ལ།།
ལོ་མའི་འོག་ནས་ཁེར་སྡོད་བྱས།།
ཐ་མག་གཅིག་གི་སེམས་གསོ་ཡིས།།
སེམས་ཁ་བདེ་བའི་ཐབས་ལ་འབད།།
མགོ་བོ་དགྱེས་ནས་གནམ་ལ་ཅེར།།
སྐར་མ་ཆ་བོ་མོག་མོག་རེད།།
ས་ལ་ལྷུང་བའི་སྐར་འདའ་དེ།།
ཤི་བོ་སུ་ཡི་རྣམ་ཤེས་ལགས།།
ལོ་མའི་གསེབ་ན་འབའ་འབུ་གྲགས།།
སྐྱོ་བ་སྡུག་གི་སྨྲེ་ངག་འདྲ།།
ཕ་སའི་གྲོང་ན་མེ་ལྕེ་འབར།།
སེམས་རྩ་མེ་ལ་བཏབ་པ་འདྲ།།
སྲོག་ཅིག་ཡོད་པ་མེ་ལ་སྦར།།
མ་ཅིག་ཡོད་པ་ཡུགས་མོར་གྱུར།།
བུ་ཞིག་ཡོད་པ་དྭ་ཕྲུག་བཏང་།།
ཡང་སྙིང་སུ་ཡི་དོན་དུ་ཡིན།།
མེ་ལ་གཅིག་སྒྲོན་གཉིས་སྒྲོན་བྱས །།
སེམས་ལ་རེ་རེ་ངང་ནས་དྲན།།
ཡིད་སེམས་སྨག་གིས་བསྒྲིབས་ཏེ་སོ ང་།།
ངུ་འདོད་སྙིང་ནས་ཤུགས་ཀྱིས་སྐྱེ ས།།
དགུང་གི་ཟླ་བ་མ་གང་མས།།
སྨག་གི་རྔམ་ཁ་མ་འཇོམས་ཐལ།།
རྒྱང་ན་བཞུད་པའི་མེ་འཁོར་ལགས།།
སེམས་ཀྱི་སྡུག་འདི་ཁྱེར་རོགས་ཨང ་།།
(ཧི་་་་ཧིན་་་་་་་་ཧི་་་་་་་ཧུ་ ་་་་)ངུ་ཤུམ་བྱེད་པའི་སྒྲ།
ཤི་བོ་སུ་ཡི་རྣམ་ཤེས་ལགས།།
ལོ་མའི་གསེབ་ན་འབའ་འབུ་གྲགས།།
སྐྱོ་བ་སྡུག་གི་སྨྲེ་ངག་འདྲ།།
ཕ་སའི་གྲོང་ན་མེ་ལྕེ་འབར།།
སེམས་རྩ་མེ་ལ་བཏབ་པ་འདྲ།།
སྲོག་ཅིག་ཡོད་པ་མེ་ལ་སྦར།།
མ་ཅིག་ཡོད་པ་ཡུགས་མོར་གྱུར།།
བུ་ཞིག་ཡོད་པ་དྭ་ཕྲུག་བཏང་།།
ཡང་སྙིང་སུ་ཡི་དོན་དུ་ཡིན།།
མེ་ལ་གཅིག་སྒྲོན་གཉིས་སྒྲོན་བྱས
སེམས་ལ་རེ་རེ་ངང་ནས་དྲན།།
ཡིད་སེམས་སྨག་གིས་བསྒྲིབས་ཏེ་སོ
ངུ་འདོད་སྙིང་ནས་ཤུགས་ཀྱིས་སྐྱེ
དགུང་གི་ཟླ་བ་མ་གང་མས།།
སྨག་གི་རྔམ་ཁ་མ་འཇོམས་ཐལ།།
རྒྱང་ན་བཞུད་པའི་མེ་འཁོར་ལགས།།
སེམས་ཀྱི་སྡུག་འདི་ཁྱེར་རོགས་ཨང
(ཧི་་་་ཧིན་་་་་་་་ཧི་་་་་་་ཧུ་
No comments:
Post a Comment