Friday, October 12, 2012



སེམས་ཀྱིས་བཏུས་བའི་དེ་རིང་གི་ཡེ་གེ
ཁ་རླངས་ནག་པོས་བར་སྣང་བཅད།།
སེམས་ཀྱི་ཁ་ལ་གོ་མཚོན་བསྟར།།
མེ་ཏོག་མྱ་ངམ་ཐང་ལ་ཟགས།།
སྤྱན་གྱི་མདུང་གིས་གནམ་བརྟོལ་བ།།
འོད་ལ་རྔམ་པའི་ཨུ་ཚུགས་སོ།།
ཉི་མ་གསོན་པོ་ནུབ་ཀྱིས་འཕྲོགས།།
ཟླ་བ་དཀར་པོ་སྨག་གིས་སྣོག།
སེམས་ཀྱི་སྐར་མ་ས་ལ་ཟགས།།
ནག་པོའི་ཀློང་ན་མིག་བགྲད་པ།།
སྐྱ་རེངས་འཚོལ་བའི་བྲེལ་བ་འོ་།།
རྩྭ་དང་ལོ་མའི་ལྗང་མདོག་ཉམས།།
རྡོ་དང་གཡའ་མའི་ཟུར་ཁ་སྟོན།།
སེམས་དང་སེམས་ཀྱི་བློ་མིག་འཐོར།།
སྨྱུག་བུ་བཀན་མོ་འགྲེང་བའི་ཚེ།།
བདེན་པ་སྐྱོང་གི་སྙིང་བོ་གྱེར།།
ཀླད་པར་ལྕགས་ཀྱིས་ཐོང་གཤོལ་བཙུགས།།
སེམས་ལ་མདའ་མཚོན་གོ་ཆ་བཏབས།།
ལག་གིས་བསྒྲེངས་བ་ཁེ་ཡི་དར།།
བདེན་པ་འཁྱགས་རོམ་སྦུབས་སུ་བརྫངས།།
དཔྱིད་ཀྱི་ཉི་མ་ཤར་དུས་ནམ།།

No comments:

Post a Comment