བདག་གིས་འདྲ་པར་འདི་ལ་འདི་ལྟར་རོལ་མྱོང་བྱས་པ་ཡིན། ཁྱོད་ཀྱིས་ཇི་ལྟར་བྱེད་དམ།
བདག་གིས་ནམ་རྒྱུན་སྙན་ངག་དང་རི་མོའམ་སྒྱུ་རྩལ་འདྲ་པར་ལ་རོལ་མྱོང་བྱེད་སྟངས་ནི་གཅིག་སྟེ། ཡིད་བརྙན་དང་མཚོན་དོན་ལ་གཞིགས་ཏེ་རོལ་མྱོང་བྱེད་བཞིན་ཡོད། རྒྱུ་མཚན་སྙན་ངག་དང་རི་མོ་ནི་ཡིད་བརྙན་དང་མཚོན་དོན་དུ་མས་གྲུབ་པ་ཞིག་རེད། དེ་ཡང་་དེ་གཉིས་རོལ་མྱོང་བྱེད་དུས་ཀྱང་རིགས་གཉིས་ཀྱི་སྒོ་ནས་བྱེད་སྲོལ་ཡོད་ཅིང་། དང་པོ་ནི་རྩོམ་པ་པོའི་ལོ་རྒྱུས་དང་སྦྱར་ནས་རོལ་མྱོང་བྱེད་པ། གཉིས་པ་ནི་རྩོམ་ཆོས་རང་ངོས་ནས་རོལ་མྱོང་བྱེད་པ། དེ་ན། འདྲ་པར་འདི་ཡང་ཡིད་བརྙན་དང་མཚོན་དོན་དུ་མས་གྲུབ་པ་ཞིག་ཡིན་པ་སྨྲས་མ་དགོས་བ་རེད། རོལ་མྱོང་བྱེད་དུས་ཀྱང་དེ་བཞིན་ནོ། ཡིན་ཡང་། བདག་གིས་འདྲ་པར་འདིའི་་རང་ངོས་ནས་རོལ་མྱོང་བྱེད་ཀྱིན་ཡིན།
དང་པོ། འདྲ་པར་འདི་ནི་ཧྲིལ་གྱི་རང་བྱུང་གི་བཀོད་པ་ཞིག་སྟེ།དེ་ན་ནམ་མཁའ་དང་སྤྲིན་ནག། ཉི་ཟེར། རི་བོ། སྨུག་པ། ནགས་ཚལ། རྩྭ་ལྗང་། ཁྲུང་ཁྲུང་། བཅས་ཀྱིས་གྲུབ་་འདུག་པ་ཞིག་རེད། དེ་དག་ནི་ཡིད་དང་བརྙན་ལས་བརྙན་དང་མཚོན་དང་དོན་ལས་མཚོན་ཡང་རེད་སྙམ།
གཉིས་པ། སྒོ་ཞིག་ཕྱེ་ནས་ཡོད་པ་དང་། ལ་རིང་གྱོན་པའི་མི་ཞིག་གི་ཁུར་མ་ཆེན་པོ་ཞིག་ཁྱེར་རེ་འགྲོ་བ་དེ་རེད། འདི་གཉིས་ལས་ང་ཚོས་ད་གཟོད་ཡིད་བརྙན་ལས་ཡིད་ཀྱི་ཆ་དེ་རྙེད་རྟོགས་བྱེད་ཐུབ་ཀྱིན་འདུག།
གསུམ། དེ་ན་ཡིད་དང་བརྙན་གཉིས་ཀྱི་འབྲེལ་བ་་ཇི་ལྟར་གྲུབ་འདུག་ཅེ་ན། འདི་ནི་བརྗོད་དོན་གཙོ་བོ་་ཡང་རེད། དེ་བས་ཐོག་མ་མི་དང་ཕྱེ་ཡོད་པའི་སྒོ་དེ་ལས་ཤེས་རྟོགས་ཐུབ་པ་ནི་ “༡་ལམ་ལ་ཆོས། ༢་འགྲུལ་བཞུད། ༣འཚོལ་སྙེག། ༤ཁེར་རྐྱང་། ༥་་ ༧་གྱེས་བྲལ་”ལ་སོགས་ཀྱི་བརྗོད་དོན་ཞིག་བློ་ལ་ངམ་ངམ་ཤུགས་ཀྱིས་སླེབས་ཡོང་།
དེ་ནས། དེ་ལས་བརྗོད་དོན་འཚོལ་སྙེག་གནད་དུ་བཟུང་ནས་བཤད་ན། དངཔོ་གནམ་མཐའ་ཡི་སྤྲིན་ནག་ཐ་ཐོར་གྱིས་ཉི་ཟེར་སྒྲིབ་གཡོག་བྱས་ཡོད་པ་དེ་ནི་དེ་ཙམ་ཞིག་མིན་པར། དེ་ནི་ཡིད་ཀྱི་སྐྱོ་མུག་གི་ཆ་དང་སྦྲེལ་ཡོད་པ།ཡང་ན།སེམས་ཁམས་དེ་གཡའ་དག་པའི་ནམ་མཁའ་ན་གསེར་མདོག་གི་ཉི་མ་སེར་ལམ་ལམ་འཕྲོས་པ་་ལྟ་བུའི་དགའ་བདེ་ཡིས་ཁེངས་པ་ཞིག་མིན་པ་དེ་མཚོན། ཡང་། སྤྲིན་ནག་སྟུག་པོས་ཉི་འོད་ཡོངས་སུ་བསྒྲིབས་མེད་པ་དེས། ད་དུང་རེ་བ་དང་མདུན་བསྐྱོད་ཀྱི་བློ་དེ་རྦད་དེ་ཤི་མེད་པ་ཡང་ཤེས་ཐུབ།
དེ་ནས་མི་དེ་ཡི་མདུན་ལྗོངས་ནི་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་མ་ཡིན་པར། ནགས་ཚལ་དང་རི་ཚོགས། སྨུག་པ་ཡིས་བཅད་འདུག། འདི་ཡིས་ཁོང་གི་འཚོལ་སྙེག་གི་དཀའ་ཚགས་མཚོན།
དེ་ནས་ཁྲུང་ཁྲུང་གཉིས་ཀྱིས་ཁོའི་གཞུག་ན་ཁོ་ལ་སྐྱེལ་མའི་ཚུལ་གྱིས་འཕུར་བཞིན་པ་འདི་ནི་མི་འདིའི་ཕུགས་བསམ་དང་དམིགས་གཏད་དེ་མཚོན་པར་འདོད། འོ་ན། ཁྲུང་ཁྲུང་དེ་གཉིས་ཀྱིས་ཅི་ཞིག་མཚོན་བཞིན་འདུག་ཅེ་ན། དེ་གཉིས་ཀྱིས་རང་དབང་མཚོན་འདུག། མཚམས་འདིར། ངཚོའི་བློ་ལ་སྒོ་དེ་ཡང་དྲན་ནས་ཡོང་རྒྱུ་རེད། སྒོ་དེ་ནི་ཕྱེ་ཡོད་ཚུལ་ལ་ལྟོས་ན་མི་དེ་སྒོ་དེ་ནས་ཐོན་ཡོང་བ་གསལ་བོར་ཤེས། དེ་ནས་མི་ཡི་ཕུགས་བསམ་དང་སྒོ་དེ་གཉིས་ཀྱི་བར་ལ་འབྲེལ་བ་ཅ་ཞིག་འདུག་ཅེ་ན།མི་དེ་ལ་སྒོ་དེ་ཡི་ནང་རོལ་ན་རང་དབང་བྲལ་བ་ཡིན་པ་ཤུགས་ནས་གསལ་བོར་རྟོགས།
དེ་ལས་ཀྱང་། ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི། ཁོ་རང་ཁེར་རྐྱང་གི་འགྲུལ་བཞུད་པ་དང་འཚོལ་སྙེག་པ་ཞིག་ཡིན་པ་དེ་གཅིག་རེད། གཉིས། ཁོ་རང་ལ་བགྲོད་ལམ་ཅི་ཡང་མེད་པར། མདུན་བསྐྱོད་བྱེད་བཞིན་ཡོད་པ་དེ་རེད། འདི་གཉིས་ལས་གསར་གཏོད་དང་སྙིང་སྟོབས་ཤིག་མཚོན་པར་བྱས་འདུག། (ཉི་མ་རི་རྩེ་ན་སྤྲིན་གྱིས་སྒྲིབ་མ་སྒྲིབ་བྱེད་པ་དེ་སྐྱ་རེངས་དང་ས་སྲོད་ཡིན་མིན་ལ་བསམ་བློ་བཏང་མེད། ཡིན་ཡང་དེ་ལ་བསམ་བློ་གཏོང་རྒྱུ་མང་གི)
དོན་ཚན་གཉིས་པ།
འདི་ལྟར་ཡིད་བརྙན་དུ་མས་གྲུབ་པའི་འདྲ་པར་འདིའི་ཡིད་བརྙན་དག་ལས་མཐུན་ཆོས་འཚོལ་སྒྲུབ་ལས་མཇུག་མཐར་འབབ་ས་དེ་༼རང་དབང་འཚོལ་སྙེག་༽གི་སྟེང་ལ་བབས་སོང་བ་རེད། ཡང་ན། འདི་ནི་འདྲ་པར་འདིས་སྟོན་པའི་བརྗོད་སྙིང་དེ་ཡང་རེད། དེ་ནས། བསྐྱར་ཏུ་ང་ཚོས་་བརྗོད་འདི་གཞི་ལ་བཞག་སྟེ་འདྲ་པར་འདིར་རོལ་མྱོང་ཞིག་བྱེད་ན། གྱ་ནོམ་པའི་རོལ་མྱོང་ཞིག་བྱེད་ཐུབ་པར་འདོད།
དེ་ནས་བདག་སྒེར་གྱིས་མྱོང་བ་དང་ དེ་ཡིས་བྱིན་པའི་བློ་བསྐྱེད་ནི།
དང་པོ། འཚོལ་བྱ་-------རང་དབང་རེད། ༼ཕྱིའི་རང་དབང་དང་ནང་གི་རང་དབང་།༽
གཉིས་པ། ལམ------ལམ་མེད་པའི་ལམ་པ་ཞིག་རེད།(གསར་གཏོད་དང་རང་ཚུགས།)
གསུམ་པ། དཀའ་ཚགས།-----ཁེར་རྐྱང་གིས་རི་སྨུག་ནགས་གསུམ་ལ་གདོང་གཏོད་པ། ༼སྙིང་སྟོབས། ༽
No comments:
Post a Comment