Sunday, December 9, 2012


སེམས་ཀྱི་བརྗེད་ཐོ།༢༠༡༢།༡༡།༢༧།
དང་པོ།
བཅུ་བཞི་ཟླ་བ་སྡོང་བོའི་རྩེ་ན་འཛུམ།།
ལོ་མ་གཡོ་བས་མངོན་ལ་མ་མངོན་བྱེད།།
ཁོ་བོ་ཡལ་གའི་འོག་ནས་ཁེར་སྡོད་བྱས།།
ཟླ་བར་གྱེར་ནས་ཕ་ཡུལ་ཕྱོགས་ལ་བསམས།།

གཉིས་པ།
འབྲོག་གི་སྦྲ་ཁ་རླུང་གིས་རབ་ཏུ་འཐགས།
རོང་གི་ལོ་ཏོག་སེར་བས་ཡོངས་སུ་བཅོམ།།
རི་ལོང་ཀུན་ན་ཁྲག་གི་མིག་ཆུ་བརྡོལ།།
བོད་ཁམས་གཞི་ན་དཔའ་བོའི་མེ་སྟག་མཆེད།།
གསུམ།
མུན་ནག་མཚན་མོ་ཁ་ཁུ་སིམ་མེར་གནས།།
མཚམས་རེ་ཁྱི་ལྡོམ་དག་གི་ཟུག་སྐད་གཟར།།
ཁོ་བོས་མཚན་གྱི་མུན་པ་རྒྱབ་ཏུ་ཁུར།།
ལ་སྒྲོན་རྐང་གསུམ་སྦར་ཏེ་སྨོན་ལམ་བཏབས།།


No comments:

Post a Comment