Sunday, December 9, 2012

 
 
མེ་ཏོག་འཐུ་བ།
ལྗང་ནེམ་ནེམ་གྱི་མཚེའུ་ན
མེ་ཏོག་མཛེས་བར་བཞད
དེ་ནི་པདྨའི་མེ་ཏོག་རེད
བདག་གིས་མེ་ཏོག་ལག་པས་བཏོགས་ཏེ
སེམས་དབུས་སུ་གསེབ
མེ་ཏོག་དེ་ཚོ་ཇི་འདྲའི་མཛེས་བ་ལ་ཨང་།


 
ང་རང་ཕྱིར་གྲོང་ཁྱེར་ཏུ་ལོག་ན་མ་འདོད།
གྲོང་ཁྱེར་ན་མཛའ་མོའི་བརྩེ་སེམས་འཁྱིལ་ནས་ཡོད་ཀྱང་སྲིད།
གྲོང་ཁྱེར་ན་གྲོགས་ཀྱིས་ཆང་ཁ་སྒྲིག་ནས་ཡོད་ཀྱང་ངེས།
གྲོང་ཁྱེར་ན་ཕ་མས་ངང་སྒུག་བྱས་ནས་ཡོད་ན་ཡང་ཐང་།
གང་ལྟར།
 དེ་རིང་།   བདག་གིས་མེ་ཏོག་བཏུས་ནས།
སང་ཉིན།  བདག་གིས་མེ་ཏོག་དབུལ་རྒྱུ་ཡིན།
མེ་ཏོག་དང་གྲོང་ཁྱེར།
༢༣།༡༡།༢༠༡༢ཉིན་ལ།
 

No comments:

Post a Comment