དོ་དགུང་།
ཟླ་བ་མེད།
དོ་དགུང་།
ཟླ་བ་མེད། སྐར་ཚོགས་ཀྱང་མི་འདུག
ཐ་ན་ནམ་རྒྱུན་ལོ་མའི་གསེང་ན་གྲགས་པའི་འབུ་སྐད་ཀྱང་མི་འདུག
ཇི་འདྲའི་ཁུ་སིམ་སིམ།
ཇི་འདྲའི་ནག་ཐིང་ཐིང
མུན་པ་ཁོ་ནའི་འཇིག་རྟེན་འདི
ཁུ་སིམ་དང་ཁེར་རྐྱང་གིས་ཡོངས་སུ་བཟུང
སྐབས་དེར།
མེ་ཏོག་དམར་པོ་རྐང་གཅིག
མགོ་རས་ལྗང་གུ་ཡུགས་གཅིག
ཆེས་དྭངས་གཙང་གི་ཟིལ་བ་ཞིག་དང་འདྲ་བར
ཆེས་རབ་དཀར་གྱི་ཁ་བ་ཞིག་དང་མཚུངས་བར
ཡང་ན།
འཛུམ་མདངས་དང་མེ་ཏོག་ཅིག་དང་འདྲ་བར
ཡང་ན།
ཟམ་ཟིམ་འབབ་པའི་སྦྲང་ཆར་ཅིག་དང་མཚུངས་བར
མུན་པ་ནས་ལྷབ་ལྷུབ་དུ་བབས་བྱུང
དལ་རྨེར་གེར་བབས་བྱུང
སུས་ཀྱང་བཀོད་སྒྲིག་མ་བྱས་པར་བབས་བྱུང
ཆེས་ལྷིང་འཇགས་ཀྱི་མཚན་མོ་འདིར
ཆེས་འདུ་འཛི་ཡི་མཚན་མོ་འདིར
26.1.2013
No comments:
Post a Comment