Monday, January 21, 2013

       ལྷ་ས་དང་རྡ་ས། 
ལྷ་ས། སའི་གོ་ལའི་མགོ་ཡིན
རྡ་ས། ཁ་བ་རི་བའི་སྙིང་ཡིན
དྲན་གདུང་གིས་སྙན་ངག་གྱེར་འདོན་བྱེད་དུས
སྒེའུ་ཁུང་གི་མདུན་ན་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་འདུག
ངས་མིག་ཟུང་བཙུམ་ནས་སྨོན་ལམ་བཏབས
ངས་སྨྱུག་གུ་བཟུང་ཏེ་འཕྲིན་ཡིག་བྲིས
 
ལྷ་ས།   སེམས་ཀྱི་ཁང་པ།
རྡ་ས།  སྙིང་གི་ཐབ་ཚང་། 
༢༠།༠༡།༢༠༡༣

No comments:

Post a Comment