སྨྱུག་ཁོག་གི་རང་དབང་།
ནམ་མཁའི་བྱ
ནམ་འཕང་གཅོད་པའི་གཤོག་པ་དེ
སྨྱུག་བུའི་གསེང་ནས་སྒྲེན་པོར་བཞུར
སྐྱེས་ཆེན་དག་དྲན།
རང་དབང་སྲོག་ལྟར་གཅེས
གཙང་བུའི་ཆུ
ཉམས་ཀྱིས་འབབ་པའི་གཙང་ཆུས་ཀྱང
མེ་ཏོག་གི་བཀྲག་མདངས་ཁུར་ཏེ
སྨྱུག་བུའི་ཁོག་ལ་ལྷོད་དུ་བཞུར
སྐྱེས་ཆེན་དག་དྲན།
རང་དབང་སྲོག་ལྟར་གཅེས
རླུང་གི་གཤིས
ཀུན་ལ་ལྡིང་བའི་རླུང་བུས་ཀྱང
སེམས་ཀྱི་གྲུ་ག་རེ་རེ་ནས་ལྷུན་པོ་བརྟན་སེ་སླང་ཏེ
རང་བཙན་གྱི་དར་ལྕོག་སྟེང་དུ་བཙུགས་ཞོར
སྨྱུག་བུའི་ཁོག་ཏུ་འཛུལ་ཏེ་གསེང་ནས་ཐོན
སྐྱེས་ཆེན་དག་དྲན།
རང་དབང་སྲོག་ལྟར་གཅེས
29.1.2013
No comments:
Post a Comment