ལོ་མ་ཐར་ཐོར།
སྲོད་ཁ་ལ་རླུང་ནག་པོ་ཞིག་གཡུགས་སོང
འབྲུག་སྒྲ་ལྡིར་ཞིང་དྲག་ཆར་བབས་ཏེ་སེར་བ་ཡང་བབས
ཞོགས་པ། ང་རང་སྔ་མོ་ནས་སད་བྱུང
ཁོར་ཡུག་ལ་གཏོར་བའི་ལོ་མ་དང་འདབ་མ
ད་དུང་ཡལ་ག་ཆག་རོ་སོགས་ཀྱིས
ཞོགས་པ་འདིར་མྱ་ངན་གྱི་མིག་ཆུ་བསྐྱིལ་འདུག
ནགས་བྱིལ་དང་བྱིའུ་ཡིས་ཀྱང་མགོ་བོ་སྒུར་ཏེ་སྨྲེང་གླུ་ལེན
ལོ་མ་ནས་བསྐྱོད་པའི་ཤག་སྒྲ་ཁོ་ནས
ངའི་སྙིང་ཁམས་ཚ་བེར་སེ་བཏང
འུར་ཕྱོགས་སེ་བཏང
སེར་བ་དེ་མདེའུ་ཞིག་དང་འདྲ
ཆར་བ་དེ་ཨ་རག་ཅིག་དང་འདྲ
འབྲུག་སྐད་དེ་འདྲེ་སྐད་ཅིག་དང་འདྲ་ཨང
མེ་ཏོག་ལ་དགའ་ཞིང་ལོ་མ་ལ་དུངས་མཁན་ཚོས
འབུད་ཤིང་གྲ་སྒྲིག་བྱས་ཏེ་དགུན་གཞུང་བརྒལ་བའི་སྟ་གོན་བྱེད
ཡིན་ཡང་། ཉི་མ་ག་ཚོད་ཅིག་གིས་སེར་བ་བཞུ་བར་བྱེད་ཐུབ
༢༠༡༣་།༡།༡༩ ཉིན།
No comments:
Post a Comment