ང་སུན་གི ང་ཡི་ཆེད་དུ།
02.02.2013
བདེ་མོ་ཐང་གི་གནའ་མཁར་ན།།
གངས་དང་རི་དང་ནགས་ཀྱིས་དབེན།།
ལག་གཡས་ཐོད་ལ་བཀྱགས་པ་དང་།།
མིག་གིས་ཧྲིག་ཧྲིག་ལྟོས་གྱུར་ཡང་།།
.མཐོང་ལམ་ས་རྡུལ་ཉིད་ཀྱིས་བསྒྲིབས།།
རི་བོ་གངས་རི་མེད་པའི་ས་ཕྱོགས་ནས།།
མིག་གིས་རྒྱང་ཐག་མི་ཆོད་ཡིད་རེ་སྐྱོ།།
ཞོགས་པའི་ཉི་མ་ཤར་ནས་ཤར་དུས་སུ།།
མདང་གི་ཟླ་བ་ནུབ་ནས་ནུབ་ལ་བཞུད།།
ཉི་ཟླ་ལྷན་འཛོམས་དཀའ་བའི་དུས་ཚོད་འདིར།།
ལོ་མ་རྣམས་ནི་ས་ལ་ཤག་ཤག་ཟགས།།
མེ་ཏོག་ཚོགས་རྣམས་རྡུལ་གྱིས་ཡོངས་ཀྱིས་སྦགས།།
ད་ནི་མུན་པའི་ཁྲོད་ནས་ཀི་རིང་འདེབས།།
རྣམ་ཆོག་ཐམས་ཅད་འོན་པ་ཞེ་རེ་སྨྲེང་།།
ཁ་སང་ཁྲོམ་ལ་སོང་ཏེ་དེབ་ཅིག་ཉོས།།
དེ་རིང་དེབ་ཀྱི་ནང་ནས་ཚིག་ཅིག་རྙེད།།
དེ་ནི་སང་ཉིན་སང་ཉིན་ཞེས་བ་དེ།།
དཔེ་ཆ་ཐང་ལ་བཞག་ཏེ་ཕྱི་ལ་སོང་།།
ཕྱི་རོལ་སྐད་ཆ་ནང་གི་དཔེ་ཆ་གཉིས།།
ཕ་རོལ་ཚུར་རོལ་ལྟ་བུའི་རྒྱང་ཐག་རིང་།།
དབྱར་དགུན་སྦྲགས་པའི་དུས་ནི་སེམས་ཁ་སྡུག།
རི་བོ་གངས་རི་མེད་པའི་ས་ཕྱོགས་ནས།།
མིག་གིས་རྒྱང་ཐག་མི་ཆོད་ཡིད་རེ་སྐྱོ།།
ཞོགས་པའི་ཉི་མ་ཤར་ནས་ཤར་དུས་སུ།།
མདང་གི་ཟླ་བ་ནུབ་ནས་ནུབ་ལ་བཞུད།།
ཉི་ཟླ་ལྷན་འཛོམས་དཀའ་བའི་དུས་ཚོད་འདིར།།
ལོ་མ་རྣམས་ནི་ས་ལ་ཤག་ཤག་ཟགས།།
མེ་ཏོག་ཚོགས་རྣམས་རྡུལ་གྱིས་ཡོངས་ཀྱིས་སྦགས།།
ད་ནི་མུན་པའི་ཁྲོད་ནས་ཀི་རིང་འདེབས།།
རྣམ་ཆོག་ཐམས་ཅད་འོན་པ་ཞེ་རེ་སྨྲེང་།།
ཁ་སང་ཁྲོམ་ལ་སོང་ཏེ་དེབ་ཅིག་ཉོས།།
དེ་རིང་དེབ་ཀྱི་ནང་ནས་ཚིག་ཅིག་རྙེད།།
དེ་ནི་སང་ཉིན་སང་ཉིན་ཞེས་བ་དེ།།
དཔེ་ཆ་ཐང་ལ་བཞག་ཏེ་ཕྱི་ལ་སོང་།།
ཕྱི་རོལ་སྐད་ཆ་ནང་གི་དཔེ་ཆ་གཉིས།།
ཕ་རོལ་ཚུར་རོལ་ལྟ་བུའི་རྒྱང་ཐག་རིང་།།
དབྱར་དགུན་སྦྲགས་པའི་དུས་ནི་སེམས་ཁ་སྡུག།
No comments:
Post a Comment