གཞི་བྱེས་སྤུན་ཟླ་ལྷན་འཛོམས་བྱུང་ན་ང་ལ་འགྱོད་པ་སྤུ་ཙམ་མེད།
ཕ་མའི་རེ་བ་སེམས་ལ་བཟུང་ཏེ།
ཕ་མའི་རེ་བ་སེམས་ལ་བཟུང་ཏེ།
མིག་ཆུ་ཁུར་ནས་རྒྱང་ལ་གྱེས།
ཁ་པར་ནང་ནས་ཕ་མ་འབོད་དུས།
ཁ་པར་ནང་ནས་ཕ་མ་འབོད་དུས།
སྡུག་གིས་མགྲིན་པ་འགག་ལ་བྱེད།
ཕ་མ་ལགས། ངས་ཁྱེད་རང་ཧ་ཅང་དྲན།
རང་དབང་མེད་པའི་ཕ་ས་ཕ་ཡུལ།
ཕ་མ་ལགས། ངས་ཁྱེད་རང་ཧ་ཅང་དྲན།
རང་དབང་མེད་པའི་ཕ་ས་ཕ་ཡུལ།
ཆར་རླུང་ཁྲོད་ཀྱི་ལོ་མ་འདྲ།
ས་མཐའ་རང་དབང་ཡུལ་ལ་བསླེབས་པ།
ས་མཐའ་རང་དབང་ཡུལ་ལ་བསླེབས་པ།
བོད་མིའི་རང་དབང་ཆེད་དུ་ཡིན།
ཕ་ཡུལ་ལགས། ངས་ཡོད་ཚད་ཁྱེད་ལ་འབུལ།
ཕ་མས་གནང་བའི་ལུས་པོ་རྩ་ཆེན།
ཕ་ཡུལ་ལགས། ངས་ཡོད་ཚད་ཁྱེད་ལ་འབུལ།
ཕ་མས་གནང་བའི་ལུས་པོ་རྩ་ཆེན།
མེ་ལ་སྒྲོན་ཏེ་རང་དབང་བརྩད།
གཞི་བྱེས་སྤུན་ཟླ་ལྷན་འཛོམས་བྱུང་ན།
གཞི་བྱེས་སྤུན་ཟླ་ལྷན་འཛོམས་བྱུང་ན།
ང་ལ་འགྱོད་པ་སྤུ་ཙམ་མེད།
རང་དབང་ལགས། ཁྱེད་ང་ཡི་བདེ་སྐྱིད་
རང་དབང་ལགས། ཁྱེད་ང་ཡི་བདེ་སྐྱིད་
No comments:
Post a Comment