Saturday, March 16, 2013


གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་ན།

གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་རྒྱུ་ན
ང་ནི་ཁྱོད་ཀྱི་སྒེའུ་ཁུང་དེ་བྱེད་ན་འདོད

...
ནང་ལ་འོད་ཟེར་དང་དྲོད་ཁོལ་དབེན་དུས
ངས་སྒེའུ་ཁུང་ཡངས་པོར་ཕྱེ་སྟེ་
ཉི་འོད་དང་བསིལ་རླུང་སོགས
མེ་ཏོག་དང་མཛེས་རྒྱན་ལྟར
ཁྱོད་ཀྱི་སྐྲ་གསེང་ལ་གསེབ་པ་དང
བྲང་ཁ་རུ་འདོགས་ངེས



ཕྱི་ན་རླུང་འཚུབ་དང་དྲག་ཆར་འཕྱུར་དུས
ངས་སྒེའུ་ཁུང་དམ་པོར་གཏན་ཏེ
ས་རྡུལ་དང་དྲག་རླུང་སོགས
ཚེར་མ་དང་མཚོན་ཆ་་ལྟར
ཁྱོད་ཀྱི་མཁུར་ཚོས་ཀྱི་ངོས་དང
མཆུ་སྒྲོས་ཀྱི་འདབས་ལ་ཕོག་པར་འགོག་ངེས

གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་རྒྱུ་ན
ང་ནི་ཁྱོད་ཀྱི་སྒེའུ་ཁུང་དེ་བྱེད་ན་འདོད
06/3/2013


གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་ན།

གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་རྒྱུ་ན
ང་ནི་ཁྱོད་ཀྱི་སྒེའུ་ཁུང་དེ་བྱེད་ན་འདོད

ནང་ལ་འོད་ཟེར་དང་དྲོད་ཁོལ་དབེན་དུས
ངས་སྒེའུ་ཁུང་ཡངས་པོར་ཕྱེ་སྟེ་
ཉི་འོད་དང་བསིལ་རླུང་སོགས
མེ་ཏོག་དང་མཛེས་རྒྱན་ལྟར
ཁྱོད་ཀྱི་སྐྲ་གསེང་ལ་གསེབ་པ་དང
བྲང་ཁ་རུ་འདོགས་ངེས

ཕྱི་ན་རླུང་འཚུབ་དང་དྲག་ཆར་འཕྱུར་དུས
ངས་སྒེའུ་ཁུང་དམ་པོར་གཏན་ཏེ
ས་རྡུལ་དང་དྲག་རླུང་སོགས
ཚེར་མ་དང་མཚོན་ཆ་་ལྟར
ཁྱོད་ཀྱི་མཁུར་ཚོས་ཀྱི་ངོས་དང
མཆུ་སྒྲོས་ཀྱི་འདབས་ལ་ཕོག་པར་འགོག་ངེས

གལ་ཏེ། ང་རང་སྒེའུ་ཁུང་ཞིག་ཡིན་རྒྱུ་ན
ང་ནི་ཁྱོད་ཀྱི་སྒེའུ་ཁུང་དེ་བྱེད་ན་འདོད
06/3/2013

 


No comments:

Post a Comment