Saturday, March 16, 2013



ལྡུམ་རྭ།
ང་རང་ཁྱིམ་ཚང་གང་ལ་ཡང་མ་འཛུལ་བར
སུ་ལ་ཡང་མི་བདག་པའི་རི་རྩེར་འཛེགས་པ་ན
རང་ཉིད་ཀྱི་རྐང་པས་ང་རང་ཡར་ལ་བཅགས་ཏེ
... མིག་ཟུང་གིས་ཕྱོགས་བཞིར་ལ་མདའ་ལྟར་ཅེར་དུས

ཤར་ཕྱོགས་སུ་རྡུལ་འཚུབ་འཕྱུར་ཞིང་རླུང་དམར་འཁྱུགས
ནུབ་ཕྱོགས་ལ་ཆག་གྲུམ་ཐེབས་ཏེ་སེར་བ་བབས
ལྷོ་ཕྱོགས་ན་ཁྲག་དམར་བཞུར་ཞིང་ངུ་འབོད་བྱེད
བྱང་ཕྱོགས་ལ་སྤྲིན་ནག་འཁྲུགས་ནས་ས་ཡོམ་བརྒྱབས

སེམས་ཁ་ལ་བུ་ཡུག་འཚུབ བློ་རྩ་འཁྱགས་ཀྱིས་བསྡམས
ང་རང་ལྡུམ་རྭ་སོང་ཏེ ལྡུམ་རྭ་ལ་སྨོན་ལམ་བཏབས



ཨེ་མ། ལྡུམ་རྭ་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
འདབ་མའི་ངོགས་ཀྱི་མཛེས་རིས་རླབས་ལྟར་མཛེས་ཤིང
གེ་སེར་ཚོན་གྱི་བ་སྤུ་ལྷོད་ཀྱིས་གཡོ
བསུང་ངད་བཏགས་པའི་བསིལ་རླུང་ཀུན་ལ་མཆེད

ཨེ་མ། ལྡུམ་རྭ་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང ལོ་མ་རྣམས་འཛུམ་མདངས་ཀྱི་པང་ན་ཁོ་ལག་རྒྱས་ཤིང
ཡལ་འདབ་ཀྱི་རྩེ་དང་ཁུག་སོ་ན
གང་བདེར་རང་ཉིད་ཀྱི་ཁ་དོག་དང་ངོ་གདོང་མངོན

ཨེ་མ། ལྡུམ་རྭ་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
ཕྱེ་ལེབ་ཀྱི་གཤོག་འགྱུར་གཉོམ་པོ
མེ་ཏོག་གི་འཛུམ་ཁ་དང་དྭངས་གསལ་གྱི་བར་སྣང་ན
ལྷོད་འཇགས་ཀྱིས་ལམ་ལེམ་གཡོ

ཨེ་མ། ལྡུམ་རྭ་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
བྱ་བྱིའུ་ཡི་གསུང་སྐད་སྙན་མོ
མེ་ཏོག་དང་རྩྭ་ལྗང ཡབ་འདབ་དང་ལོ་མའི་གསེང་ན
དགའ་སྤྲོ་ཡིས་ལྷང་ལྷིང་གྲགས
ཨེ་མ། ལྡུམ་རྭ་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
དྭངས་ཤིང་གཙང་བའི་ཆུ་ཕྲན
རྩྭ་ལྗང་གི་མཛེས་པའི་གདན་ལ་ཉལ་ཏ
རང་དབང་གིས་ཀྱ་ཀྱུར་བཞུར

ལྡུམ་ར་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
ངས་ཕྱོགས་བཞི་ལ་ཅེར་དུས
See More



ལྡུམ་རྭ།
༡
ང་རང་ཁྱིམ་ཚང་གང་ལ་ཡང་མ་འཛུལ་བར
སུ་ལ་ཡང་མི་བདག་པའི་རི་རྩེར་འཛེགས་པ་ན
རང་ཉིད་ཀྱི་རྐང་པས་ང་རང་ཡར་ལ་བཅགས་ཏེ
མིག་ཟུང་གིས་ཕྱོགས་བཞིར་ལ་མདའ་ལྟར་ཅེར་དུས
༢
ཤར་ཕྱོགས་སུ་རྡུལ་འཚུབ་འཕྱུར་ཞིང་རླུང་དམར་འཁྱུགས
ནུབ་ཕྱོགས་ལ་ཆག་གྲུམ་ཐེབས་ཏེ་སེར་བ་བབས
ལྷོ་ཕྱོགས་ན་ཁྲག་དམར་བཞུར་ཞིང་ངུ་འབོད་བྱེད
བྱང་ཕྱོགས་ལ་སྤྲིན་ནག་འཁྲུགས་ནས་ས་ཡོམ་བརྒྱབས
༣
སེམས་ཁ་ལ་བུ་ཡུག་འཚུབ  བློ་རྩ་འཁྱགས་ཀྱིས་བསྡམས
ང་རང་ལྡུམ་རྭ་སོང་ཏེ  ལྡུམ་རྭ་ལ་སྨོན་ལམ་བཏབས
༤
ཨེ་མ། ལྡུམ་རྭ་ལགས།  ཁྱེད་ནི་ཇི་འདྲའི་མཛེས་ཨང
འདབ་མའི་ངོགས་ཀྱི་མཛེས་རིས་རླབས་ལྟར་མཛེས་ཤིང
གེ་སེར་ཚོན་གྱི་བ་སྤུ་ལྷོད་ཀྱིས་གཡོ
བསུང་ངད་བཏགས་པའི་བསིལ་རླུང་ཀུན་ལ་མཆེད

ཨེ་མ། ལྡུམ་རྭ་ལགས།  ཁྱེད་ནི་ཇི་འདྲའི་མཛེས་ཨང
ལོ་མ་རྣམས་འཛུམ་མདངས་ཀྱི་པང་ན་ཁོ་ལག་རྒྱས་ཤིང
ཡལ་འདབ་ཀྱི་རྩེ་དང་ཁུག་སོ་ན
གང་བདེར་རང་ཉིད་ཀྱི་ཁ་དོག་དང་ངོ་གདོང་མངོན

ཨེ་མ། ལྡུམ་རྭ་ལགས།  ཁྱེད་ནི་ཇི་འདྲའི་མཛེས་ཨང
ཕྱེ་ལེབ་ཀྱི་གཤོག་འགྱུར་གཉོམ་པོ
མེ་ཏོག་གི་འཛུམ་ཁ་དང་དྭངས་གསལ་གྱི་བར་སྣང་ན
ལྷོད་འཇགས་ཀྱིས་ལམ་ལེམ་གཡོ

ཨེ་མ།   ལྡུམ་རྭ་ལགས།  ཁྱེད་ནི་ཇི་འདྲའི་མཛེས་ཨང
བྱ་བྱིའུ་ཡི་གསུང་སྐད་སྙན་མོ
མེ་ཏོག་དང་རྩྭ་ལྗང   ཡབ་འདབ་དང་ལོ་མའི་གསེང་ན
དགའ་སྤྲོ་ཡིས་ལྷང་ལྷིང་གྲགས

ཨེ་མ། ལྡུམ་རྭ་ལགས།  ཁྱེད་ནི་ཇི་འདྲའི་མཛེས་ཨང
དྭངས་ཤིང་གཙང་བའི་ཆུ་ཕྲན
རྩྭ་ལྗང་གི་མཛེས་པའི་གདན་ལ་ཉལ་ཏེ
རང་དབང་གིས་ཀྱ་ཀྱུར་བཞུར
༥
ལྡུམ་ར་ལགས། ཁྱེད་ནི་ཇི་འདྲའི་མཛེས་ཨང
ངས་ཕྱོགས་བཞི་ལ་ཅེར་དུས


  •  



No comments:

Post a Comment