དེ་རིང་གཟའ་ཉི་མ་རེད(18/10/ 2009)
<ལོ་ངོ་བཞིའི་སྔོན་གྱི་གཟའ་ཉི་མ ་ཞིག་ལ་དྲན་གསོ་བྱས་པ>
དེ་རིང་གཟའ་ཉི་མ་རེད
མལ་ལས་ལངས་དུས། ཚལ་མ་ཉལ་འདུག
... སྒེའུ་ཁུང་ནས་ལྟ་དུས། ཉི་ཟེར་སྡོང་རྩེ་ན་གཡོ
བྲང་ཁར་ལག་པས་རག་དུས། ཁྱོད་ངའི་སྙིང་ཁ་ན་ལྡིང་གིན་འདུ ག
དེ་རིང་གཟའ་ཉི་མ་རེད
གདོང་པ་འདི་འཁྲུས་ན་མ་བསམ། ཅིག་འབྲི་བཞིན་ཡོད
རང་ཉིད་མེ་ལོང་ལས་མཐོང་དུས། གདོང་ན་འཛུམ་ཞིག་མི་འདུག
ཁྱོད་མེད་པའི་ལོ་ཟླ་ནི་ཁ་བ་འབབ་ པའི་ཉིན་མོ་རེད།
དེ་རིང་གཟའ་ཉི་མ་རེད
ཞོགས་ཟས། རྩམ་པ་དང་འོ་ཇ་མངར་མོ་རེད
ང་རྩམ་པ་ལ་དགའ། འོ་ཇ་མངར་མོ་ལ་མི་དགའ
ཁྱོད་རང་གིས་ཅི་ལྟར་བྱེད་ཀྱིན་ཡ ོད་དམ
ཞོགས་ཟས་ཟ་དུས་ངས་འདི་ལྟར་ཁྱོད་ རང་དྲན
དེ་རིང་གཟའ་ཉི་མ་རེད
བཀྲ་ཤིས་ཀྱི་སྒྲིག་ཆས་བཀྲུས་ཀྱི ན་འདུག
ལྷ་བྷེ་ཡིས་ཚགས་ཤོག་ཀློག་ནས་འདུ ག
ཨ་དོན་གཉིད་གཉིད་ཀྱི་དཔལ་ལ་རོལ
ངས་སྒེའུ་ཁུང་འགྲན་ནས
ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད ་མེད་ལ
ཁུ་སིམ་སིམ་བསམ་བློ་བཏང་ནས་བསྡད ་ཡོད
དེ་རིང་གཟའ་ཉི་མ་རེད
གྲོད་ཁོག་ལྟོགས་ཀྱིན་འདུག
ཉིན་གུང་ཁ་ལག་ད་དུང་བཏང་མ་སོང
མྱི་ལྡིང་ཚོ་ཁ་ལ་སྣུམ་ཤུག་ཤུག་ཟ ་ཁང་ནས་ཐོན་དུས
གྲོད་ཁོག་གིས་གླུ་དབྱངས་ལེན
ཁྱོད་སེམས་ལ་དྲན་ན། ལྟོགས་རྒྱུ་བརྗེད་འགྲོ
དེ་རིང་གཟའ་མ་རེད
འབྲས་མང་ཐག་ཆོད་ཅིག་ཟོས་བ་ཡིན
རྡ་ལི་ཡང་མང་ཐག་ཆོད་ཅིག་འཐུང་བ་ ཡིན
དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་ ། གཉིད་ལ་ཤོར་སོང
རྨི་ལམ་ལ་ཁྱོད་རང་རྨིས་སོང
ཁྱོད་རང་ངུ་བཞིན་འདུག ང་ཡི་སེམས་པ་ཧ་ཅང་སྐྱོ
ང་སད་དུས། ཁྱོད་ངའི་སྙིང་གསེང་ན་ལྡིང་གི་འ དུག
དེ་རིང་གཟའ་ཉི་མ་རེད
ཕྱི་དྲོ་དུས་ཚོད་བཞི་བའི་སྟེང་ད ུ་ཇ་བཏང་སོང
ངས་ཇ་འཐུང་ཞོར་ཨོ་ཤོ་ཡི་དེབ་ཅིག ་བཀླགས་པ་ཡིན
དེབ་ཀློག་གིན་ཀློག་གིན། སེམས་པ་ལ་ཁྱོད་རང་དྲན་ནས་ཡོང
དེབ་ཀློག་པ་འདི། ཁྱོད་ཀྱི་མེ་ལོང་ལ་ཅེར་བ་དང་འདྲ
འདི་ལྟར། ཁྱོད་རང་དྲན་བཞིན་ཉི་མ་རི་ལ་ནུབ ་སོང
18/10/2009
<ལོ་ངོ་བཞིའི་སྔོན་གྱི་གཟའ་ཉི་མ
དེ་རིང་གཟའ་ཉི་མ་རེད
མལ་ལས་ལངས་དུས། ཚལ་མ་ཉལ་འདུག
... སྒེའུ་ཁུང་ནས་ལྟ་དུས། ཉི་ཟེར་སྡོང་རྩེ་ན་གཡོ
བྲང་ཁར་ལག་པས་རག་དུས། ཁྱོད་ངའི་སྙིང་ཁ་ན་ལྡིང་གིན་འདུ
དེ་རིང་གཟའ་ཉི་མ་རེད
གདོང་པ་འདི་འཁྲུས་ན་མ་བསམ། ཅིག་འབྲི་བཞིན་ཡོད
རང་ཉིད་མེ་ལོང་ལས་མཐོང་དུས། གདོང་ན་འཛུམ་ཞིག་མི་འདུག
ཁྱོད་མེད་པའི་ལོ་ཟླ་ནི་ཁ་བ་འབབ་
དེ་རིང་གཟའ་ཉི་མ་རེད
ཞོགས་ཟས། རྩམ་པ་དང་འོ་ཇ་མངར་མོ་རེད
ང་རྩམ་པ་ལ་དགའ། འོ་ཇ་མངར་མོ་ལ་མི་དགའ
ཁྱོད་རང་གིས་ཅི་ལྟར་བྱེད་ཀྱིན་ཡ
ཞོགས་ཟས་ཟ་དུས་ངས་འདི་ལྟར་ཁྱོད་
དེ་རིང་གཟའ་ཉི་མ་རེད
བཀྲ་ཤིས་ཀྱི་སྒྲིག་ཆས་བཀྲུས་ཀྱི
ལྷ་བྷེ་ཡིས་ཚགས་ཤོག་ཀློག་ནས་འདུ
ཨ་དོན་གཉིད་གཉིད་ཀྱི་དཔལ་ལ་རོལ
ངས་སྒེའུ་ཁུང་འགྲན་ནས
ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད
ཁུ་སིམ་སིམ་བསམ་བློ་བཏང་ནས་བསྡད
དེ་རིང་གཟའ་ཉི་མ་རེད
གྲོད་ཁོག་ལྟོགས་ཀྱིན་འདུག
ཉིན་གུང་ཁ་ལག་ད་དུང་བཏང་མ་སོང
མྱི་ལྡིང་ཚོ་ཁ་ལ་སྣུམ་ཤུག་ཤུག་ཟ
གྲོད་ཁོག་གིས་གླུ་དབྱངས་ལེན
ཁྱོད་སེམས་ལ་དྲན་ན། ལྟོགས་རྒྱུ་བརྗེད་འགྲོ
དེ་རིང་གཟའ་མ་རེད
འབྲས་མང་ཐག་ཆོད་ཅིག་ཟོས་བ་ཡིན
རྡ་ལི་ཡང་མང་ཐག་ཆོད་ཅིག་འཐུང་བ་
དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་
རྨི་ལམ་ལ་ཁྱོད་རང་རྨིས་སོང
ཁྱོད་རང་ངུ་བཞིན་འདུག ང་ཡི་སེམས་པ་ཧ་ཅང་སྐྱོ
ང་སད་དུས། ཁྱོད་ངའི་སྙིང་གསེང་ན་ལྡིང་གི་འ
དེ་རིང་གཟའ་ཉི་མ་རེད
ཕྱི་དྲོ་དུས་ཚོད་བཞི་བའི་སྟེང་ད
ངས་ཇ་འཐུང་ཞོར་ཨོ་ཤོ་ཡི་དེབ་ཅིག
དེབ་ཀློག་གིན་ཀློག་གིན། སེམས་པ་ལ་ཁྱོད་རང་དྲན་ནས་ཡོང
དེབ་ཀློག་པ་འདི། ཁྱོད་ཀྱི་མེ་ལོང་ལ་ཅེར་བ་དང་འདྲ
འདི་ལྟར། ཁྱོད་རང་དྲན་བཞིན་ཉི་མ་རི་ལ་ནུབ
18/10/2009
No comments:
Post a Comment