Monday, July 8, 2013

ཁྱེད་ནི་གཞན་གྱིས་ཕྱིར་རོ།
-------- (འཁྲུངས་སྐར་ལ་ཕུལ)

ཁྱེད་ཀྱིས་རལ་གྲིའི་ཁ་ལ་གོས་ཀྱིས་བཏུམས་ཏེ
སུས་ཀྱང་བརྒལ་དཀའ་བའི་ཀྱག་ཀྱོག་གི་ལམ་བུ་གང་མང
འཛུམ་གྱི་མཁར་བར་བསྙེས་ཏེ་སླེབས

ཁྱེད་ཀྱིས་མེ་ཏོག་གི་ལྷན་དུ་ས་གཞི་ལ་ཞབས་ཀྱིས་བཅགས་ཤིང
ཕུག་རོམ་དང་ལྷན་དུ་ནམ་མཁའ་ལ་གཤོག་པ་འཛུགས་ཞོར
ཡོད་ཚད་ཁྱེད་ཀྱི་རུམ་ཕུག་ཏུ་ཉར

ཁྱེད་ཀྱིས་ཉི་འོད་ལག་ཟུང་གིས་བཏེགས་ཏེ
མུན་པ་དང་གྲང་ངར་རྒོལ་པའི་སེམས་པ་གྲངས་མེད
དྲོད་ཁོལ་གྱི་གཏམས་པའི་ཁྱེད་ཀྱི་པང་དུ་མནམ

ཁྱེད་ཀྱིས་ནམ་མཁའ་ལ་ཕྱག་གིས་བཙུགས་ཏེ
ས་གཞི་དང་སེམས་པ་ཡོད་ཚད་ཀྱི་བར་ལ
མ་ཎི་ཡི་ཟམ་པ་བཙུགས

ཁྱེད་ཀྱིས་རང་གི་རྒྱབ་ཀྱི་ངུར་སྨུག་ལབ་མོ
དུས་ཚོད་དང་ཁ་དོག དཀར་ནག་གི་དབྱེ་བ་ཅི་ཡང་མེད་པར
རང་ཉིད་གཞན་དོན་ཁོ་ནའི་ཕྱིར་དུ་འཚོ

 ང་ཡིས་ཁྱེད་ཀྱི་ཕྲ་ཕུང་རེ་རེ་ཁྲག་སྦུབས་སུ་བཟུང་ཏེ།
 ཁྱེད་ཀྱིས་བཏོལ་བའི་ལམ་ཆེན་དེ་ནས།
 སྨོན་ལམ་དང་ཕུགས་བསམ་སྔས་སུ་བྱས་ཏེ་མདུན་དུ་བསྐྱོད། མདུན་དུ་བསྐྱོད།

No comments:

Post a Comment