ནམ་མཁའ་ལ་ཅེར་བ།
ནམ་མཁའ་ལ་ཅེར་བ་ནི
མཚར་སྡུག་བཀྲ་བའི་ལྟད་མོ་ཡི་ཚན་པ་གསར་པ་ཞིག
ནམ་མཁའ་ནི་དོན་གྱི་གར་སྟེགས་ཆེན་པོ་ཞིག
སྤྲིན་པ་དཀར་ནག་དང་སྤྲིན་པ་སྲབ་མཐུག
བྱིའུ་ཆུང་ཆུང་དང་བྱ་རྒྱ་རྒོད་པོ་ཚོ
དོན་གྱི་གླུ་བ་དང་གླུ་མ
གར་མཁན་དང་འཁྲབ་ཁྲིད་པ་རྐྱང་རྐྱང་རེད
དེ་བས། ནམ་མཁའ་ལ་ཅེར་བ་ནི
ངོ་མཚར་བའི་ལྟ་མོ་གཞན་ཞིག་དང
ཡིད་དུ་འོང་བའི་གཏན་ཚིགས་གཞན་ཤིག་རེད
ནམ་མཁའ་ལ་ཅེར་བ་ནི
འགག་ཕྲེང་རྒོད་པའི་སྟ་རེ་དང་མདུང་་གྲི་ལ་རྒོལ་འདོད་པ་དེ་ཡང་ཡིན
ནམ་མཁས་བཤད་ན
ཁྲག་བཞུར་བ་ནི་ནམ་མཁའ་ལ་མ་ལྟོས་པའི་སྐྱོན་དང
རུས་པ་བཅག་པ་ཡང་ནམ་མཁའ་ལ་མ་ཅེར་བའི་སྐྱོན་རེད་ཟེར
ནམ་མཁའ་ནས་ཉི་མ་ཤར
ནམ་མཁའ་ནས་ཟླ་བ་ཤར
སྐར་ཚོགས་ཀྱང་ཤར
ནམ་མཁའ་ནས་ཁ་བ་འབབ
ནམ་མཁའ་ནས་ཆར་བ་འབབ རླུང་བུ་ཡང་གཡུག
ནམ་མཁའ་ལ་ཅེར་བ་ནི
དོན་གྱི་ས་ཁྲ་ལ་ལྟ་བ་ཞིག་རེད
ལམ་ཡིག་ལ་ལྟ་བ་ཞིག་རེད
དེ་བས། ནམ་མཁའ་ལས་སློབ་དཔོན་ཞིག་མི་འདུག
དེ་བས། ང་ནམ་མཁའ་ལ་ཧ་ཅང་དགའ
༠༩།༠༧།༢༠༡༣
No comments:
Post a Comment